ཀྲུང་གོ་བོད་ཀྱི་དྲ་བ།

སྡེ་ཚན་དྲུག་གིས་ཡིག་ཆ་བཀྲམ་ནས་སློབ་ཕྱིའི་དྲ་ཐོག་གསོ་སྦྱོང་ཚད་ལྡན་དུ་གཏོང་དགོས་པའི་བླང་བྱ་བཏོན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། སློབ་གསོ་པུའུ་སོགས་སྡེ་ཚན་དྲུག་གིས《སློབ་ཕྱིའི་དྲ་ཐོག་གསོ་སྦྱོང་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་2019ལོའི་ཟླ12པའི་ཟླ་མཇུག་གོང་རྒྱལ་ཡོངས་ཀྱི་སློབ་ཕྱིའི་དྲ་ཐོག་གསོ་སྦྱོང་དང་དེ་བཞིན་སྒྲིག་གཞི་ཐོ་འགོད་སྙན་སེང་དང་གྲལ་བཤེར་བྱས་ཟིན་པ་དགོས་པ་དང་། 2020ལོའི་ཟླ12པའི་ཟླ་མཇུག་གོང་རྒྱལ་ཡོངས་གཅིག་གྱུར་དང་། སྡེ་ཚན་མཐུན་སྦྱོར། གོང་འོག་མཉམ་འགུལ་བཅས་ཀྱི་ལྟ་འདོམས་མ་ལག་སྤྱིར་ན་བཙུགས་ཟིན་པ་བྱས་ནས་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ལྟ་འདོམས་བྱེད་པ་དང་། གསོ་སྦྱོང་གོ་རིམ་ལྡན་པའི་ངང་སྤེལ་བ། སློབ་མས་རང་བརྟེན་གདམ་ག་བྱེད་པ་བཅས་ཀྱི་རྣམ་པ་ཞིག་སྤྱིར་ན་ཆགས་པར་བྱེད་དགོས་པ་ཁ་གསལ་བཏོན་ཡོད།

གྲལ་བཤེར་བྱེད་ཁོངས་གཙོ་བོར་ནང་དོན་ལྔ་ཡོད་པ་སྟེ། གསོ་སྦྱོང་གི་ནང་དོན་ཐད་རིག་ཚན་རིགས་ཀྱི་སློབ་ཚན་གྱི་གསོ་སྦྱོང་ནང་དོན་དེ་མཚུངས་ཀྱི་རྒྱལ་ཁབ་ཀྱི་སློབ་ཚན་གྱི་ཚད་གཞི་ལས་བརྒལ་མི་རུང་བའི་བླང་བྱ་བཏོན་ཡོད་པ་དང་། གསོ་སྦྱོང་དུས་ཡུན་ཐད་ཚོགས་ཐེངས་རེར་རྒྱུན་མཐུད་སློབ་ཚན་འཚོག་ཡུན་སྐར་མ40ལས་བརྒལ་མི་རུང་བ་དང་། སློབ་གསེང་དུས་ཡུན་སྐར་མ10ལས་ཉུང་མི་རུང་བ། མངའ་ཁོངས་ནང་གི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མར་ཕྱོགས་པའི་ཐད་གཏོང་རིགས་ཀྱི་གསོ་སྦྱོང་བྱེད་སྒོ་མཇུག་འགྲིལ་བའི་དུས་ཚོད་ཆུ་ཚོད21:00ལས་ཕྱི་མི་རུང་བ་བཅས་ཀྱི་བླང་བྱ་བཏོན་ཡོད་པ། གསོ་སྦྱོང་མི་སྣའི་ཐད་རིག་ཚན་ཤེས་བྱ་གསོ་སྦྱོང་བྱེད་མཁན་ལ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཀྱི་དགེ་རྒན་གྱི་འོས་ཐོབ་དགོས་པའི་བླང་བྱ་བཏོན་ཡོད་པ། ཆ་འཕྲིན་གྱི་བདེ་འཇགས་ཐད་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་བྱས་ནས་སློབ་མའི་གསང་བ་ཕྱི་ལ་མི་གྱར་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ། ཚད་ལྡན་གཉེར་སྐྱོང་ཐད་ཚོགས་ཐེངས་དྲུག་ཅུའམ་ཡང་ན་ཟླ་བ་གསུམ་ལས་བརྒལ་བའི་འགྲོ་གྲོན་བསྡུ་མི་ཆོག་པ་དང་། ཚད་ལྡན་གན་རྒྱ་མཁོ་འདོན་བྱས་ཏེ་འཛད་སྤྱོད་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

《ལག་བསྟར་བསམ་འཆར》ནང་། སློབ་ཕྱིའི་དྲ་ཐོག་གསོ་སྦྱོང་སྒྲིག་གཞིས་ཐོ་འགོད་ཞིབ་དཔྱད་ཀྱི་ལམ་ལུགས་ལག་ལེན་བསྟར་དགོས་པའི་བླང་བྱ་བཏོན་ཡོད། ཐོ་འགོད་སྙན་སེང་དང་ཞིབ་དཔྱད་ཀྱི་གཙོ་གནད་ནི་གསོ་སྦྱོང་སྒྲིག་གཞི་དང་། གསོ་སྦྱོང་ནང་དོན། གསོ་སྦྱོང་མི་སྣ་བཅས་རེད། ཐོ་འགོད་སྙན་སེང་དང་ཞིབ་དཔྱད་ཀྱི་བརྒྱུད་རིམ་ནི་སློབ་ཕྱིའི་དྲ་ཐོག་གསོ་སྦྱོང་སྒྲིག་གཞིསICPཐོ་འགོད་སྙན་སེང(གློག་འཕྲིན་ལས་སྒོ་གཉེར་བ་དང་འབྲེལ་བ་ཡོད་པའི་རིགས་ལ་གློག་འཕྲིན་ལས་སྒོའི་གཉེར་སྐྱོང་ཆོག་འཐུས་རེ་ཞུ་བྱེད་དགོས)དང་། དྲ་རྒྱའི་བདེ་འཇགས་རིམ་པ་སྲུང་སྐྱོང་དང་གཏན་འཁེལ་གྱི་ཐོ་འགོད་སྙན་སེང་དཔང་ཡིག རིམ་པ་ཚད་ལེན་དཔྱད་བསྡུར་གྱི་སྙན་ཞུ་བཅས་རག་རྗེས་སྒྲིག་གཞི་གནས་སའི་ཞིང་ཆེན་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཚན་ལ་འབྲེལ་ཡོད་ཡིག་ཆ་བསྐྱལ་ཏེ་ཐོ་འགོད་སྙན་སེང་གི་རེ་ཞུ་འབུལ་དགོས་ཀྱི་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།