ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་ཐོན་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར་ཏེ། ཏང་ཀྲུང་དབྱང་གི་ཚབ་མཛད་ནས་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་རྒྱལ་ཡོངས་ཀྱི་རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་ཞུས།

ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་གསུངས་རྒྱུར། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་རིང་ལ། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་ཏང་གི་འབོད་སྐུལ་དང་དུ་བླངས་པ་དང་ཧུར་ཐག་སྒོས་སྤྱི་ཚོགས་རིང་ལུགས་གསར་སྐྲུན་དང་འཛུགས་སྐྲུན། བཅོས་སྒྱུར་སྒོ་འབྱེད་ཀྱི་རླབས་ཆེན་ལག་ལེན་ཁྲོད་དུ་ཞུགས་ནས་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གང་མང་གསར་རྩོམ་བྱས་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། རྒྱ་ཆེའི་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་མི་དམངས་དཀྱིལ་སྙིང་ཡིན་པའི་བྱ་བའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། འཚོ་བར་ཟབ་ཞུགས་དང་མི་དམངས་དང་དམ་པོར་སྦྲེལ་བ་དང་། རང་རྒྱལ་གྱི་རིག་རྩལ་ལས་དོན་སྔར་ལས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་བཏང་ནས། རྩོམ་རིག་དང་གློག་བརྙན། བརྙན་འཕྲིན། སྒྱུ་རྩལ་སོགས་ཀྱི་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་པ་དང་། མི་རིགས་སྙིང་སྟོབས་དང་དུས་རབས་སྙིང་སྟོབས་དར་སྤེལ་བྱས་ནས་རྒྱལ་ཁབ་སྟོབས་ལྡན་དང་སྤྱི་ཚོགས་ཡར་ཐོན། མི་དམངས་བདེ་སྐྱིད་མངོན་འགྱུར་བྱེད་པའི་ཐད་ལ་བྱས་རྗེས་ཆེན་པོ་བཞག་ཟེར།

ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་བཙུགས་ནས་ལོ་བདུན་ཅུ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཚོགས་ཐོག་ཏུ་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པ་དང་། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བ་དང་རྩོམ་པ་པོ། སྒྱུ་རྩལ་པའི་འཐུས་མིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།