ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བརྗོད་དོན་གཙོ་བོའི་སློབ་གསོ་ནན་ཏན་གྱིས་སྒྲུབ་པ་ལས་གོང་འོག་བར་མགོ་སྐོར་གཏོང་མི་རུང་ཞེས་གསུངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་16ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནང་སོག་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ་ཕེབས་ནས་བརྟག་ཞིབ་དང་མཛུབ་ཁྲིད་གནང་བ་རེད། གནས་ཚུལ་ངོ་སྤྲོད་ལ་གསན་རྗེས་ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་100འཁོར་བའི་ལོ་ཡིན་པས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བ་བརྒྱུད་རང་རེའི་ཏང་གི་ཐོག་མའི་བསམ་འདུན་གང་ཡིན་པ་དང་། འགན་འཁྲི་གང་ཡིན་པ། སྒེར་སེམས་སྣ་ཚོགས་ཡོད་མེད་བཅས་གསེད་བཀྲོལ་ཡག་པོ་བྱེད་དགོས་ཞེས་གསུངས་པ་རེད། ཕྱི་ཚུལ་རིང་ལུགས་ཀྱིས་མི་ལ་གནོད་འཚེ་ཚབས་ཆེན་བཟོ་བ་དང་། བརྗོད་བྱ་གཙོ་བོའི་སློབ་གསོ་སྤེལ་བར་གཙོ་བོ་ཕན་འབྲས་དངོས་ལ་བལྟ་དགོས། སློབ་སྦྱོང་དང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱས་ཏེ་ངོས་འཛིན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་དང་རང་རྟོགས་རང་བཞིན་ཆེ་རུ་གཏོང་དགོས། ཉིན་གསོག་ཟླ་གསོག་བྱས་ཚེ་གོ་བ་གཏིང་ཟབ་ལེན་ཐུབ་ལ། བརྗོད་བྱ་གཙོ་བོའི་སློབ་གསོ་སྦྱང་པ་དེ་སྤྱོད་གོ་ཆོད་པ་དང་། ལས་དོན་བྱེ་བྲག་གི་ཁྲོད་དུ་དོན་འཁྱོལ་བྱས་ཏེ། མི་དམངས་མང་ཚོགས་ཉེ་འགྲམ་གྱི་གནད་དོན་དངོས་ཐག་གཅོད་བྱ་དགོས་པར་བསྟན།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།