ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124761447_15632866665721n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བདུན་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་དཔལ་འབྱོར་གནས་བབ་ཐད་ཀྱི་ཆེད་མཁས་པ་དང་ཁེ་ལས་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་བཞུགས་མོལ་ཚོགས་འདུར་ཞུགས།

ལིས་ཁི་ཆང་གསུངས་རྒྱུར། རྙོག་འཛིང་ཆེ་བའི་གནས་བབ་མདུན་དུ་རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་དབྱང་དཔལ་འབྱོར་བྱ་བའི་གྲོས་ཚོགས་དང་སྲིད་གཞུང་བྱ་བའི་སྙན་ཞུའི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་དེ་གཞི་གྲངས་མཐོ་བའི་སྟེང་དུ་བརྟན་བརླིང་སྲུང་འཛིན་བྱས་པ་དང་བརྟན་འཇགས་ཁྲོད་ནས་ཡར་ཐོན་བྱུང་བ། དམིགས་ཚད་ཁ་ཤས་སྔོན་དཔག་ལས་བཟང་ལ་ཐོབ་དཀའ་བའི་གྲུབ་འབྲས་ཆེན་པོ་བླངས་ཡོད། ཡིན་ནའང་འཛམ་གླིང་དཔལ་འབྱོར་འཕར་སྣོན་སྒུལ་ཤུགས་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། རྒྱལ་ནང་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ་སྟོབས་ཤུགས་གཅིག་སྒྲིལ་སྒོས་རང་ཉིད་ཀྱི་དོན་དག་བཟང་བོར་བསྒྲུབ་པ་དང་། བཅོས་སྒྱུར་སྒོ་འབྱེད་ཟབ་སྤེལ་བྱེད་དགོས་ལ། གཅིག་གྱུར་སྒོས་བརྟན་འཇགས་དྲུག་གི་བྱ་བ་བཟང་བོར་བསྒྲུབ་པར་འཆར་འགོད་བྱས་ནས། དཔལ་འབྱོར་བརྟན་བརླིང་སྒོས་འཁོར་སྐྱོད་བྱེད་པ་སྲུང་འཛིན་བྱེད་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།