ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སྐབས་བདུན་པའི་ཁུའུ་པུའུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-07-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས27ཉིན། སྐབས་བདུན་པའི་ཁུའུ་པུའུ་ཆི་རྒྱལ་སྤྱིའི་བྱེ་ཐང་གླེང་སྟེགས་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་དུ་འཚོགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མིའི་རིགས་ལ་སའི་གོ་ལའི་ཁྱིམ་གཞིས་གཅིག་མ་གཏོགས་མེད། མྱ་ངམ་ཐང་ཅན་དུ་འགྱུར་བར་སྔོན་འགོག་བྱ་རྒྱུ་ནི་མིའི་རིགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་རླབས་ཆེན་གྱི་བྱ་གཞག་ཅིག་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ་བྱེ་འགོག་བྱེ་བཅོས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འཛམ་གླིང་ཡོངས་ལ་སྐུལ་འདེད་བཏང་སྟེ2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་དགོས་པ་མ་ཟད། ད་དུང་རང་བྱུང་ཁམས་ལ་འཆམ་མཐུན་གྱི་མཛེས་སྡུག་བསྐྲུན་དགོས་པ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་ནན་བཤད་གནང་བ་རེད། 

 ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མྱ་ངམ་ཐང་ཅན་དུ་འགྱུར་བར་སྔོན་འགོག་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཁུའུ་པུའུ་ཆི་བྱེ་ཐང་བཅོས་སྐྱོང་བྱས་པ་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁོར་ཡུག་སྐྱེ་ཁམས་བཅོས་སྐྱོང་གི་ཆེད་དང2030ལོའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད།  ཀྲུང་གོས་ཧུར་ཐག་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་དང2030ལོའི་གྲོས་རིམ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།