ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་ལྕགས་ལམ་ཀུང་སིས། གློག་རྡུལ་སྤ་སེ་ཚོད་ལྟ་བཀོལ་སྤྱོད་ཀྱི་ལམ་ཐིག་བཞི་མང་དུ་བཏང་བ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།   གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་27ཉིན་ནས་བཟུང་། ཀྲུང་གོ་ལྕགས་ལམ་ཀུང་སིས་ལྕགས་ལམ་གྱི་གློག་རྡུལ་སྤ་སེ་བཀོལ་སྤྱོད་ཚོད་ལྟའི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་སྟེ། ཧའེ་ནན་གླིང་ཕྲན་བསྐོར་བའི་མྱུར་བགྲོད་མེ་འཁོར་གྱི་གློག་རྡུལ་སྤ་སེ་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པའི་རྨང་གཞིའི་ཐོག་རིམ་གྱིས་ཧྲང་ཧའེ་ནས་ནན་ཅིང་དང་། ཁྲེང་ཏུའུ་ནས་ཁྲུང་ཆིང་། ཀོང་ཀྲོའུ་ནས་ཀྲུའུ་ཧའེ(ཀྲན་ཅང་འབབ་ཚུགས་ནུབ་མ)བར། ཁུན་མིང་ནས་ཏ་ལི་དང་ས་དམ་བར་བཅས་ཀྱི་མྱུར་བགྲོད་མེ་འཁོར་བཞིའི་གློག་རྡུལ་སྤ་སེ་ཚོད་ལྟའི་ངང་སྤྱོད་ཚད་མང་དུ་གཏོང་རྒྱུ་ཡིན་པ་རེད།

ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སིའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བས་ངོ་སྤྲོད་བྱས་དོན། ད་རེས་གློག་རྡུལ་སྤ་སེ་སྤྱོད་པའི་ཚོད་ལྟའི་ཁྱབ་ཁོངས་ཆེ་རུ་བཏང་བ་དེ་ནི་ཧའེ་ནན་གླིང་ཕྲན་བསྐོར་བའི་མྱུར་བགྲོད་མེ་འཁོར་དུ་ཚོད་ལྟ་བྱས་པའི་རྨང་གཞིའི་ཐོག་ལམ་ཐིག་མི་འདྲ་བ་དང་། ལས་སྒོའི་རྣམ་པ་མི་འདྲ་བའི་གློག་རྡུལ་སྤ་སེ་བཀོལ་སྤྱོད་ཀྱི་ཉམས་མྱོང་སྔར་ལས་མང་བ་བསགས་ཏེ་གོམ་སྟབས་རྗེས་མར་ཁྱབ་ཁོངས་དེ་ལས་ཆེ་བར་ཁྱབ་གདལ་གཏོང་རྒྱུར་རྨང་གཞི་བཏིང་བ་ཞིག་རེད།

2018ལོའི་ཟླ་11ཚེས་22ཉིན། ལྕགས་ལམ་སྡེ་ཚན་གྱིས་ཧའེ་ནན་གླིང་ཕྲན་བསྐོར་བའི་མྱུར་བགྲོད་མེ་འཁོར་དུ་གློག་རྡུལ་སྤ་སེ་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ་དང་འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་བར་གློག་རྡུལ་སྤ་སེ་ཁྲི་2087ཙམ་བཙོངས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།