ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྨང་གཞིའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྨང་གཞིའི་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ཐད་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། མཆན་བཀོད་མཛུབ་སྟོན་ལས་བསྟན་དོན། རྨང་གཞིའི་སློབ་གསོ་ནི་མི་རེ་རེ་ལ་འབྲེལ་བ་ཡོད་ལ། རྒྱལ་དམངས་བྱང་ཚད་ཇེ་མཐོར་གཏོང་བ་དང་རྒྱལ་ཁབ་འབྱོར་ཕྱུག་ལྡན་པ་མངོན་འགྱུར་བྱེད་པའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཅིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ཏེ། སྤུས་ཚད་མཐོར་འདེགས་སུ་གཏོང་བ་དང་འདྲ་མཉམ་ལ་སྐུལ་འདེད་གཏོང་བའི་ཐད་ལ་ཤུགས་བསྐྱེད་དགོས་པ་དང་། ཧུར་ཐག་སྒོས་མི་དམངས་མང་ཚོགས་ཡིན་ཚིམས་པའི་རྨང་གཞིའི་སློབ་གསོ་བཟང་བོར་བསྒྲུབ་དགོས། སློབ་གསོའི་མ་དངུལ་ཐོན་ཁུངས་ལེགས་སྒྱུར་བྱེད་པ་དང་། དབུལ་ཕོངས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་དགོས་ལ། འོས་འགན་སློབ་གསོ་དོ་མཉམ་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་ས་གནས་ཁ་ཤས་སུ་སློབ་གྲྭར་འགྲོ་དཀའ་བ་དང་དཀའ་ཁག་ཆེ་བའི་ཁྱིམ་ཚང་གི་བྱིས་པས་སློབ་མཚམས་འཇོག་པ་སོགས་ཀྱི་གནད་དོན་མྱུར་དུ་ཐག་བཅད་ནས། གྲོང་ཁྱེར་དུ་ཞོར་ལས་གཉེར་བའི་ལས་བཟོ་བའི་བུ་དང་བུ་མོས་འོས་འགན་སློབ་གསོ་དང་ལེན་བྱེད་ཐུབ་པ་འགན་སྲུང་བྱེད་དགོས། ཐབས་ལམ་མང་པོ་བརྒྱུད་དེ་སློབ་སྔོན་སློབ་གསོ་བཟང་བོར་བསྒྲུབ་ནས་བྱིས་བཅོལ་ཁང་དུ་འགྲོ་དཀའ་བའི་གནད་དོན་ཐག་གཅོད་པར་མཐོང་ཆེན་བྱེད་དགོས་པ་དང་། མཐོ་འབྲིང་དུས་སྐབས་ཀྱི་སློབ་གསོ་ཁྱབ་གདལ་དུ་གཏོང་བའི་མཁྲེགས་གཏོར་ཤུགས་ཚད་ཇེ་ཆེར་གཏོང་དགོས། ཧུར་ཐག་སྒོས་དྲ་སྦྲེལ་དང་སློབ་གསོ་འཕེལ་རྒྱས་སུ་བཏང་སྟེ་སྔར་ལས་མང་པོའི་སློབ་མར་སྤུས་ལེགས་སློབ་ཁྲིད་ཀྱི་ཐོན་ཁུངས་ལོངས་སུ་སྤྱོད་དུ་འཇུག་དགོས། སློབ་གྲྭའི་བདེ་འཇགས་འགོག་སྲུང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། འོད་ཟེར་བདེ་འཇགས་དང་ཁྱིམ་བདག་ཡིད་ཆེས་པའི་སློབ་གྲྭའི་ཁོར་ཡུག་གསར་སྐྲུན་བྱས་ནས། བྱིས་པ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་དུ་འཇུག་དགོས། འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཚང་མ་དུས་ལྟར་ལག་ཏུ་འབྱོར་བ་འགན་སྲུང་བྱེད་དགོས། སྤྱི་ཚོགས་ཡོངས་ཀྱིས་རྨང་གཞིའི་སློབ་གསོར་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པར་སྣེ་ཁྲིད་བྱས་ཏེ་མཛེས་པའི་མ་འོངས་པ་མཉམ་དུ་གསར་སྐྲུན་བྱེད་དགོས་ཟེར།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཟླ་བདུན་པའི་ཚེས་ཉེར་དགུ་ཉིན་ཚོགས་པའི་རྒྱལ་ཡོངས་རྨང་གཞིའི་སློབ་གསོ་བྱ་བའི་གྲོས་ཚོགས་བསྡུས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུན་ཁྲུན་ལན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།