ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-07-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7པའི་ཚེས29ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧེ་ནས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བའི་ཐད་ནས་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་གཞི་ལ་ཉན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། ཆོད་སེམས་ཇེ་བརྟན་དུ་གཏོང་བ་དང་གཏན་ཤུགས་སྲུང་འཛིན་བྱེད་པ། གཏིང་ཤུགས་ཇེ་ཆེར་གཏོང་དགོས།  རྒྱལ་ནང་དང་རྒྱལ་སྤྱི་ཁྱོན་ཡོངས་ཆེན་པོ་གཉིས་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། བརྟན་འཇགས་ཁྲོད་ནས་འཕེལ་རྒྱས་བརྩོན་ལེན་བྱེད་པའི་བྱ་བའི་དགོངས་གཞི་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས། དཔལ་འབྱོར་འཁོར་རྒྱུག་ཁྲོད་ཀྱི་དཀའ་ཁག་དང་གནད་དོན་མཐོང་དགོས་པར་མ་ཟད་རང་རྒྱལ་གྱི་དཔལ་འབྱོར་ཡུན་རིང་ལ་བཟང་ཕྱོགས་སུ་འགྲོ་བའི་འཕེལ་ཕྱོགས་འགྱུར་མེད་པ་གསལ་བོར་མཐོང་དགོས། བློ་བརྟན་འགྱུར་མེད་སྒོས་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། དཔལ་འབྱོར་གྱི་འཕར་ས་གསར་བ་གསོ་སྐྱོང་བྱས་ནས་ཏན་ཏན་ཏིག་ཏིག་སྒོས་དཔལ་འབྱོར་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་བཞུགས་མོལ་ཚོགས་འདུར་ཞུགས། ལིས་ཁི་ཆང་གིས་ལོ་སྟོད་ཀྱི་དཔལ་འབྱོར་བྱ་བའི་འབྲེལ་ཡོད་གནས་ཚུལ་ཁྱབ་སྒྲོག་བྱས་པ་དང་ཀྲུང་གུང་ཀྲུང་དབྱང་གིས་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་བསམ་གཞིགས་མཚམས་སྦྱོར་བྱས།

བཞུགས་མོལ་ཚོགས་འདུའི་སྟེང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིས་གཏམ་བཤད། ཞི་ཅིན་ཕིང་གིས་ཚང་མའི་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་གསུང་བཤད་གནང་། ཁོང་གིས་བསྟན་དོན། ཚང་མའི་གཏམ་བཤད་ལས་ལོ་སྟོད་ལ་དཔལ་འབྱོར་བྱ་བའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཡོད་པ་ཁས་ལེན་བྱས་པར་མ་ཟད་དེང་སྐབས་ཀྱི་དཔལ་འབྱོར་གནས་བབ་ལ་ཇི་ལྟར་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་ལོ་སྨད་ཀྱི་དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་དམིགས་ཡུལ་རང་བཞིན་དྲག་པའི་བསམ་འཆར་བཏོན་ཡོད་པས། འབྲེལ་ཡོད་ལས་ཁུངས་ཀྱིས་ནན་ཏན་སྒོས་ཞིབ་འཇུག་བྱེད་པ་དང་ཧུར་ཐག་སྒོས་དང་ལེན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་སྨད་ལ་ང་ཚོས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་དགོས་པ་དང་། དཔལ་འབྱོར་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ཡང་འབད་བསྐྱར་འབད་བྱས་ཏེ་མུ་མཐུད་དུ་མདུན་སྐྱོད་བྱེད་དགོས་ཟེར། ཞི་ཅིན་ཕིང་གིས་ཚང་མར་རེ་བ་གསུམ་བཏོན། གཅིག དཔལ་འབྱོར་གནས་བབ་ལ་ངོས་འཛིན་གསལ་བོ་བྱས་ཏེ་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཆོད་སེམས་བརྟན་པོ་ཡོད་དགོས། གཉིས། དམིགས་འབེན་དང་ལས་འགན་གཙོ་བོ་གཅིག་སྡུད་བྱས་ཏེ་ཁྱད་སྟོབས་འདོན་སྤེལ་བྱེད་པ་དང་ཇུས་འདོན་ནུས་འདོན་བྱེད་དགོས། གསུམ། འཕེལ་རྒྱས་བགྲོད་ལམ་སྟེང་གི་དཀའ་ཁག་དང་འགྲན་རྩོད་ལ་ལྟ་ཚུལ་ཡང་དག་པ་བཟུང་སྟེ་སྤོབས་པ་ཆེན་པོས་ཁག་ཁུར་བྱེད་པ་དང་འགན་འཁྲི་དང་ལེན་བྱེད་དགོས་པ་བཅས་རེད།

ཏིང་ཞེའུ་ཞང་དང་ལིག་ཧི། སུན་ཁྲུན་ལན། ཧུའུ་ཁྲུན་ཧྭ། ཡུག་ཆོན། ཝང་ཡུང་། ཞོ་ཅེ། ཧི་ལིས་ཧྥིན། དེ་མིན་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།