ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་ཐེངས་བཅུ་དྲུག་པའི་ཐུན་མོང་གི་སློབ་སྦྱོང་ལ་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-08-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ7ཚེས30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་དམག་དོན་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཐེངས་བཅུ་དྲུག་པའི་ཐུན་མོང་གི་སློབ་སྦྱོང་བྱེད་སྐབས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་གཙོ་སྐྱོང་གནང། དམག་དོན་སྲིད་ཇུས་ལམ་ལུགས་ནི་ང་ཚོའི་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་འགན་སྲུང་གལ་ཆེན་ཞིག་ཡིན་པ་དང་། དམག་དོན་སྲིད་ཇུས་ལམ་ལུགས་བསྒྱུར་བཅོས་ནི་རང་དམག་གི་ལམ་ལུགས་རང་བཞིན་གྱི་བསྐྱར་སྒྲིག་ཐེངས་ཤིག་ཡིན། དུས་རབས་གསར་པར་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་མངོན་འགྱུར་བྱ་རྒྱུ་དང་། མི་དམངས་དམག་དཔུང་ཕྱོགས་ཡོངས་ནས་འཛམ་གླིང་གི་དམག་དཔུང་རྩེ་གྲ་ཞིག་ཏུ་འཛུགས་སྐྱོང་བྱ་རྒྱུར་འབྲེལ་བ་ཡོད་ཅིང་། “བརྒྱ་ལོ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་རྒྱུར་འབྲེལ་བ་ཡོད་པས། འགན་འཁྲི་ཤུགས་ཆེར་གཏོང་བ་དང་། མ་ལག་ལ་ཤུགས་སྣོན་རྒྱག་པ། གསར་གཏོད་དང་འགག་གནད་སྒྲོལ་ཐབས་ཤུགས་ཆེར་གཏོང་བ། དམག་དཔུང་དང་ས་གནས་མཉམ་འབྲེལ་གྱི་སྟོབས་ཤུགས་ཇེ་ཆེར་བཏང་ནས་བསམ་སྤྱོད་སྔར་ལས་གཅིག་གྱུར་དང་། སེམས་ཤུགས་གཅིག་སྒྲིལ་གྱིས་བསྒྱུར་བཅོས་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་ཅན་དུ་གཏོང་བའི་འཐབ་ཇུས་ལག་བསྟར་བྱས་ཏེ། དུས་རབས་གསར་པའི་དམག་དཔུང་གི་སྟོབས་ཤུགས་ཆེ་རུ་གཏོང་བའི་བྱ་གཞག་ནམ་ཡང་མདུན་དུ་སྐྱོད་དགོས་པར་སྐུལ་འདེད་བྱ་དགོས་གསུང་། །



རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།