ཧོང་ཁུན་མེན་གྱིས་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ8པའི་ཚེས1ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཧོང་ཁུན་མེན་གྱིས་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུའི་ཚོགས་པའི་ཁོངས་མི་ལ་ཐུག་འཕྲད་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཤུགས་ཆེན་པོས་ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་དྲིལ་སྒྲོག་བྱེད་པ་དང་དུས་རབས་དཔེ་ལེགས་ཅན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། ཧུར་ཐག་སྒོས་གསར་བརྗེའི་སྙིང་སྟོབས་དང་བྱས་རྗེས་སྙིང་སྟོབས་དར་སྤེལ་བྱེད་པ་དང་སེམས་ཤུགས་གཅིག་སྒྲིལ་སྒོས་དུས་རབས་གསར་བར་འབད་འཐབ་བྱེད་པའི་སྟོབས་ལྡན་ནུས་ཤུགས་གཅིག་སྡུད་བྱེད་དགོས་ཟེར།

ཀྲང་ཧྥུའུ་ཆིན་གྱི་སྔོན་ཐོན་བྱས་རྗེས་སྙན་ཞུ་ཚོགས་འདུ་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཚོགས་པ་དང་རྒྱལ་སའི་ལས་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་བདུན་བརྒྱ་ལྷག་ཞུགས།


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།