ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་ནན་མ

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚན་ཆུང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོའི་ཁྲོད་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་སྐོར་གྱི་བརྡ་སྦྱོར་འགྲེམ་སྤེལ་བྱས་ཏེ། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ནས། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པའི་བསམ་བློ་དང་འགུལ་སྐྱོད་ཀྱི་རང་རྟོགས་རྒྱུན་མ་ཆད་པར་ཇེ་དྲག་ཏུ་གཏོང་དགོས་པའི་རེ་བ་བཏོན།

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་དང་རྒྱུས་ལོན་བྱེད་རྒྱུ་དེ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་ནན་མོ་བྱེད་པར་རྩ་འཛུགས་སྣེ་ཁྲིད་བྱེད་པ་དང་། ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཐད་ཀྱི་དོན་དག་གལ་ཆེན་དང་གྲོས་ཚོགས་གལ་ཆེན། མི་སྣ་གཙོ་བོར་རྒྱུས་ལོན་བྱེད་པ། ང་ཚོ་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་དཀའ་སྤྱད་འཐབ་རྩོད་བྱས་པའི་བརྒྱུད་རིམ་ལ་རྒྱུས་ལོན་བྱེད་པ། ཀྲུང་གོའི་ཉེ་རབས་ཀྱི་ལོ་ངོ་བརྒྱ་དང་བདུན་ཅུའི་རིང་གི་འཐབ་རྩོད་ལོ་རྒྱུས་དང་ང་ཚོའི་ཏང་གི་ལོ་ངོ་གོ་བརྒྱད་རིང་གི་འབད་འཐབ་ལོ་རྒྱུས། ཀྲུང་གོ་གསར་བའི་ལོ་ངོ་བདུན་ཅུའི་རིང་གི་འཕེལ་རྒྱས་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ། ང་ཚོ་ཏང་གི་འོད་སྟོང་འབར་བའི་སྲོལ་རྒྱུན་དང་ཉམས་མྱོང་རྩ་ཆེན། རླབས་ཆེན་གྱི་གྲུབ་འབྲས་ལ་རྒྱུས་ལོན་བྱས་ནས། སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གཏིང་ཟབ་བྱེད་པའི་ཁྲོད། ཏང་གི་ལོ་རྒྱུས་ལ་རྒྱུས་ལོན་བྱེད་པ་དང་ཏང་ལ་དགའ་ཞེན་བྱེད་པ་དང་། ཀྲུང་གོའི་ལོ་རྒྱུས་ལ་རྒྱུས་ལོན་གསལ་བོ་བྱེད་པ་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པ། ཏང་གི་བྱ་བར་སེམས་ཁུར་བྱེད་པ་དང་། ཏང་སྟོབས་ལྡན་དུ་བསྒྱུར་དགོས་ཟེར། 

བརྡ་སྦྱོར་ནང་ནན་གྱིས་བསྟན་དོན། ཏང་ཡོན་དང་ལས་བྱེད་པས་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་སློབ་སྦྱོང་བྱེད་པར་རྩ་འཛུགས་སྣེ་ཁྲིད་བྱེད་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་། ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་སྐོར་གྱི་རྣམ་བཤད་གལ་ཆེན་འདེམ་སྒྲིག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྩོམ་ཡིག་ཁྲོད་ཀྱི་འབྲེལ་ཡོད་ཏང་གི་ལོ་རྒྱུས་དང་ཀྲུང་གོ་གསར་བའི་ལོ་རྒྱུས་ཀྱི་རྣམ་བཤད་གལ་ཆེན་བཅས་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཐད་ཀྱི་ངོས་འཛིན་དང་རྒྱུས་ལོན་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་གཏོང་དགོས་ཟེར། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།