ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་ལིན་ཀང་ས་ཁུལ་གསར་བའི་སྤྱིའི་ཇུས་གཞི་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོ་ཧྲང་ཧེ་རང་མོས་ཉོ་ཚོང་ཚོད་ལྟ་ས་ཁུལ་གྱི་ལིན་ཀང་ས་ཁུལ་གསར་བའི་སྤྱིའི་ཇུས་གཞི་འགྲེམ་སྤེལ་བྱས།

ཇུས་གཞིའི་ནང་བསྟན་དོན། ཉིས་སྟོང་ཉེར་ལྔ་ལོའི་བར་དུ་ལིན་ཀང་ས་ཁུལ་གསར་བས་ཅུང་འཐུས་ཚང་ཡིན་པའི་དངུལ་གཏོང་ཉོ་ཚོང་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ལམ་ལུགས་མ་ལག་བཙུགས་ཏེ། དཔལ་འབྱོར་དངོས་ཤུགས་དང་དཔལ་འབྱོར་སྤྱི་གྲངས་ཚད་མཐོན་པོས་ཇེ་མཐོར་གཏོང་ངེས་ཡིན་པ་དང་། ཉིས་སྟོང་སོ་ལྔ་ལོའི་བར་དུ་རྒྱལ་སྤྱིའི་ཚོང་རར་ཤུགས་རྐྱེན་ཐེབས་ཤུགས་དང་འགྲན་རྩོད་ནུས་ཤུགས་ཆེ་བའི་དམིགས་བསལ་དཔལ་འབྱོར་ས་ཁུལ་ཞིག་འགྲུབ་པར་བྱས་ཏེ། སྔར་ལས་འཐུས་ཚང་ཡིན་པའི་ལམ་ལུགས་གྲུབ་འབྲས་ཆགས་པར་བྱེད་པ་དང་འཛམ་གླིང་ཡོངས་སུ་ཚད་མཐོ་བའི་ཐོན་ཁུངས་རྒྱུ་རྐྱེན་སྒྲིག་སྦྱོར་བྱས་པའི་སྲོག་ཤིང་ནུས་པ་གསར་སྐྲུན་བྱས་ནས། རང་རྒྱལ་དུ་དཔལ་འབྱོར་འཛམ་གླིང་ཅན་དུ་མཉམ་བསྲེས་བྱེད་པའི་ས་ཁུལ་གཙོ་བོ་ཞིག་ཏུ་འགྱུར་བར་བྱེད་དགོས་ཟེར།

ཇུས་གཞིའི་ནང་བསྟན་དོན། ལིན་ཀང་ས་ཁུལ་གསར་བས་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་དོ་དམ་ལ་གཞིགས་ཏེ། དངུལ་གཏོང་ཉོ་ཚོང་རང་མོས་ཅན་སྲོག་ཤིང་ཡིན་པའི་ལམ་ལུགས་མ་ལག་འཛུགས་པ་དང་། ཁྱོན་ཡོངས་ནས་ཉེན་ཁའི་དོ་དམ་ལམ་ལུགས་བཙུགས་ནས་རྒྱལ་སྤྱིའི་ཚོང་རའི་འགྲན་རྩོད་ནུས་ཤུགས་ལྡན་པའི་སྒོ་འབྱེད་རང་བཞིན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་བྱེད་དགོས། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་ཁུངས་དང་ཧྲང་ཧེ་གྲོང་ཁྱེར་གྱིས་སྤྱིའི་ཇུས་གཞིའི་རེ་བ་ལྟར། ཏན་ཏན་ཏིག་ཏིག་སྒོས་བཅོས་སྒྱུར་ཚོད་ལྟའི་ལས་འགན་སྣ་ཚོགས་ལག་བསྟར་བྱས་ཏེ་གྲུབ་འབྲས་ངོ་མ་ཐོབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།