ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་སོགས་ཀྱིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལས་ཁུངས་དང་ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ལས་ཁུངས་ཀྱིས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། ས་གནས་སོ་སོ་དང་ལས་ཁུངས་སོ་སོ། སྡེ་ཁག་སོ་སོས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བསྡུས་ཏེ། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པར་སྐུལ་འདེད་གཏོང་བ་དང་། འགོ་ཁྲིད་ཚན་ཁག་གིས་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་མཐུན་སྒྲིལ་འབད་འཐབ་བྱེད་པར་ཤུགས་སྣོན་དགོས་ལ། ཐོག་མའི་བསམ་འདུན་དང་འགན་འཁྲི་ཡིད་ལ་དམ་པོར་བཅངས་པ་དང་ཡང་བསྐྱར་མདུན་དུ་སྐྱོད་པར་གྲ་སྒྲིག་གང་ལེགས་བྱས་ནས། དུས་རབས་གསར་བར་ཏང་གི་རང་ཉིད་གསར་བརྗེ་སྔར་ལས་གཏིང་ཟབ་ཏུ་སྤེལ་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་ཏང་ཡོན་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གིས་དམངས་གཙོ་འཚོ་བའི་ཚོགས་འདུར་བཏོན་པའི་འབྲེལ་ཡོད་རེ་བ་ནན་ཏན་སྒོས་སློབ་སྦྱོང་བྱས་ཏེ། བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཚད་གཞིའི་རེ་བ་གསལ་བོར་ཤེས་པར་བྱེད་དགོས་ལ། བསམ་བློ་དང་བྱ་སྤྱོད་གཉིས་ཀ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བརྗོད་དོན་སློབ་གསོའི་བཀོད་སྒྲིག་རེ་བ་དང་གཅིག་གྱུར་བྱས་ནས། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་གང་ལེགས་སྒོས་སྒྲུབ་པའི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པའི་རེ་བ་བཏོན།

བརྡ་ཐོའི་ནང་བསྟན་དོན། ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་སྒྲུབ་རྒྱུ་འགོ་ཁྲིད་པར་རག་ལས་ཡོད། ཏང་གི་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པས་དཔེ་སྟོན་གྱི་ནུས་པ་འདོན་དགོས། ཏང་ཨུ་དང་ཏང་རྩ་འཛུགས་ཧྲུའུ་ཅི་ནི་ཐེངས་འདིའི་ཆེད་དོན་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྒྲུབ་པའི་འགན་འཁུར་བ་དང་པོ་ཡིན་པས་དངོས་སུ་འཛིན་དགོས་པ་དང་རྩ་འཛུགས་ཞིབ་མོ་བྱས་ནས་དམངས་གཙོ་འཚོ་བའི་ཚོགས་འདུ་བཟང་བོར་བསྒྲུབ་དགོས་ཟེར།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།