ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་ལུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་ལུགས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན།

བརྡ་ཐོ་ལས་བསྟན་དོན། ལས་ཁུངས་སྒྲིག་ལུགས་ཐོན་ཁུངས་ནི་ཆབ་སྲིད་ཐོན་ཁུངས་དང་སྲིད་འཛིན་ཐོན་ཁུངས་གཙོ་བོ་ཡིན་པ་དང་། ལས་ཁུངས་སྒྲིག་ལུགས་བྱ་བ་ནི་ཏང་གི་བྱ་བ་གཙོ་བོ་ཡིན། སྲོལ་ཡིག་གཏན་འཁེལ་དང་ལག་བསྟར་བྱེད་པ་དེ་ཏང་གིས་དོ་དམ་བྱེད་པའི་ལས་ཁུངས་སྒྲིག་ལུགས་རྩ་དོན་དངོས་འབེབས་བྱེད་པ་དང་། ལས་ཁུངས་སྒྲིག་ལུགས་ཁྲིམས་མཐུན་ཅན་ལ་སྐུལ་འདེད་གཏོང་བ། ལས་ཁུངས་སྒྲིག་ལུགས་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་བ། ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་རྩ་འཛུགས་རྨང་གཞི་སྲ་བརྟན་དུ་གཏོང་བར་དོན་སྙིང་ཆེན་པོ་ལྡན་ཟེར།

བརྡ་ཐོ་ལས་ས་གནས་སོ་སོ་དང་ལས་ཁུངས་སོ་སོའི་ཏང་ཨུ་དང་ཏང་རྩ་འཛུགས་ཀྱིས་ལས་ཁུངས་སྒྲིག་ལུགས་བྱ་བའི་གལ་ཆེན་རང་བཞིན་གསལ་བོར་ཤེས་པར་བྱས་ཏེ། གཙོ་གཞིའི་འགན་འཁྲི་དངོས་འབེབས་བཟང་བོ་བྱེད་པ་དང་ནུས་ལྡན་བྱེད་ཐབས་སྤྱོད་དགོས་པར་མ་ཟད་ཆ་ཚང་ལམ་ལུགས་འཐུས་ཚང་དུ་བཏང་ནས་སྲོལ་ཡིག་ས་ཆ་ཀུན་ཏུ་དངོས་འབེབས་ལེགས་པོ་བྱེད་པར་འགན་སྲུང་བྱེད་དགོས་པའི་རེ་བ་བཏོན།

སྲོལ་ཡིག་འདིར་བསྡོམས་པས་ལེའུ་བརྒྱད་ཡོད་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བརྒྱད་པའི་ཚེས་ལྔ་ཉིན་ནས་བཟུང་ལག་བསྟར་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།