ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཡུས་ཀུང་གི་སྙིང་སྟོབས་དར་སྤེལ་བཏང་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས་ཞེས་གསུངས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-08-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀན་སུའུ་ཞིང་ཆེན་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚེས་21ཉིན་ཀུའུ་ལང་རྫོང་པ་པུའུ་ཧྲ་ནགས་རར་ཕེབས་ནས་ནགས་རའི་རྣམ་པར་གཟིགས་ཞིབ་གནང་བ་དང་། ཝུའུ་ཝུའེ་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་དང་པ་པུའུ་ཧྲ་ནགས་རའི“རྒན་རྒོན་དྲུག”གི་མི་རབས་གསུམ་གྱིས་བྱེ་བཅོས་ནགས་བཟོའི་མི་སེམས་འགུལ་བའི་བྱས་རྗེས་ལ་གསན་པ་མ་ཟད། ད་དུང་ཡུར་གཤོལ་ཞིག་ཁྱེར་ནས་བྱེ་བཅོས་ངལ་རྩོལ་ནང་ཞུགས་པ་རེད། ཞི་ཅིན་ཕིང་གིས་ང་ཚོས་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་འགྲོ་བའི་བར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་དོན་ཆེན་ཞིག་ཏུ་བརྩིས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་དགོས། མིག་སྔར་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་ཉིན་བཞིན་མི་སེམས་སུ་གཏིང་ཟབ་ཟུག་ནས“རྒན་རྒོན་དྲུག”གི་དེང་རབས་ཀྱི་ཡུས་ཀུང་སྙིང་རུས་མུ་མཐུད་དར་སྤེལ་བཏང་སྟེ་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་ཡུན་རིང་བྱས་རྗེས་བཞག་ནས་ལྗང་མདོག་གི་ལྕགས་རི་རིང་པོ་སྲ་ཞིང་བརྟན་པ་ཞིག་ཡོང་བ་བྱེད་དགོས། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།