ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ཐན་ཞོད་གནོད་འཚེ་འགོག་བཅོས་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན། ཆུ་བེད་པུས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། འདི་ལོ་འབྲུབ་དུས་འཆར་ཚུན་རང་རྒྱལ་གྱི་ཐན་ཞོད་གནོད་འཚེ་འགོག་བཅོས་ལས་དོན་གྱི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་བརྡ་ཁྱབ་བཏང་བ་རེད། གསར་འགོད་པར་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་སུ་སྤྱིར་ན་ཆར་པ་འབབ་མང་བ་དང་། འབབ་ཡུན་རིང་བ། དྲག་ཆར་འབབ་ཤུགས་ཆེ་ཞིང་། གཙང་པོ་ཆེན་པོ་དང་ཆུ་བོ་ཆེན་པོའི་ཆུ་ལོག་ལྷོ་བྱང་གཉིས་སུ་དུས་གཅིག་ཏུ་བྱུང་ནས་ཉེན་བརྡའི་ཚད་ལས་བརྒལ་བའི་རྒྱུག་ཆུ་མང་བ་དང་ཆུ་ལོག་བྱུང་ཚད་ཧ་ཅང་མཐོ་པོ་ཡོད། མིག་སྔའི་བར། རྒྱལ་ཡོངས་ཀྱི་ཆུ་མཛོད་ཆེ་འབྲིང་གཅིག་ཀྱང་ཞིག་ལོག་བྱུང་མེད་ལ། གཙང་པོ་དང་ཆུ་བོ་གཙོ་བོ་ཁག་གི་ཆུ་རག་གི་ཁ་ཤོ་རྡོལ་བའི་གནས་ཚུལ་གཅིག་ཀྱང་ཐོན་མེད་པ་ལས་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེའི་གྱོང་གུན་ཚད་གཞི་ངེས་ཅན་ཞིག་གི་ཐོག་ནས་ཕོག་ཉུང་དུ་ཕྱིན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། འབྲུབ་དུས་འཆར་ཚུན་རྒྱལ་ཡོངས་སུ་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་449ཟིན་པ་དེ་ལོ་གོང་མའི་དུས་མཚུངས(ཧའོ་སྨི་446)ལས་ཅུང་མཐོ་བ་ཡོད། “ལྷོ་བྱང་དུ་ཆར་པ་འབབ་མང་བ་དང་དབུས་རྒྱུད་དུ་ཆར་པ་འབབ་ཉུང་བའི”རྣམ་པ་ཞིག་མངོན་པ་སྟེ། ཁྱོན་དྲག་ཆར་ཐེངས་32བབས་པ་དང་། རྒྱ་མཚོའི་རླུང་འཚུབ“ལི་ཆི་མཱ” ཡི་ཤུགས་རྐྱེན་ཐེབས་པ། ཀྲེ་ཅང་དང་ཧྲན་ཏུང་སོགས་ཆར་པ་འབབ་ཡུལ་35རུ་ཉིན་རེར་ཆར་པ་འབབ་ཚད་ས་གནས་དེ་གའི་དུས་མཚུངས་ཀྱི་ལོ་རྒྱུས་ཀྱི་གྲངས་གནས་མཐོ་ཤོས་ལས་བརྒལ་བ། འབྲི་ཆུ་དང་། རྨ་ཆུ། ཧོའེ་ཧོ་གཙང་པོ། ཀྲུའུ་ཅང་གཙང་པོ། སུང་ལེའོ་གཙང་པོ་བཅས་ཆུ་བོ་རྒྱུག་ཡུལ་ཆེན་པོ་ལྔ་རུ་ཨང་སྒྲིག་ཆུ་ལོག་ཐེངས་11བྱུང་བ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)25ཡི་གཙང་པོ་585རུ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་བྱུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།