ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ནང་སོག་ཏུ་རྟོག་ཞིབ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-08-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124933534_15669988653841n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བརྒྱད་པའི་ཚེས་ཉེར་དྲུག་ཉིན་ནས་ཉེར་བདུན་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ནང་སོག་རང་སྐྱོང་ལྗོངས་ཨི་ཨར་ཏོ་སི་གྲོང་ཁྱེར་ཏུ་ཕེབས་ནས། ཁུའུ་པུའུ་ཆི་བྱེ་ཐང་གི་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་གནས་ཚུལ་ལ་རྟོག་ཞིབ་མཛད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཛུབ་སྟོན་དགོངས་དོན་དོན་འཁྱོལ་དངོས་འབེབས་ནན་མོ་བྱས་ཏེ། སྐྱེ་ཁམས་དམིགས་བསལ་དུ་འཛིན་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་ཀྱིས་ས་ཞིང་བྱེ་ཐང་དང་ཐང་རྒོད་དུ་འགྱུར་བའི་འགོག་བཅོས་བྱ་བར་ཤུགས་སྣོན་པ་དང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་པོ་བྱས་ནས། རང་རྒྱལ་བྱང་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་ཀྱི་ལྕགས་རི་བརྟན་པོར་བསྐྲུན་དགོས་ཞེས་ནན་གྱིས་བསྟན།

ཧན་ཀྲིན་གྱིས་བསྟན་དོན། ཁུའུ་པུའུ་ཆིའི་བྱེ་ཐང་བཅོས་སྐྱོང་བྱེད་མཁན་གྱིས་ལོ་སུམ་ཅུ་ལྷག་གི་རིང་ལ་དཀའ་སྤྱད་འབད་འཐབ་བྱས་ཏེ། བྱེ་ཐང་དུ་འགྱུར་བར་འགོག་བཅོས་བྱེད་པའི་ཐད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་བླངས་ཡོད། ཁུའུ་པུའུ་ཆིའི་ཉམས་མྱོང་བཟང་པོ་ཁྱབ་གདལ་དུ་གཏོང་ན། ཚན་རིག་གི་སྙིང་སྟོབས་དར་སྤེལ་བྱས་ཏེ། འཕེལ་རྒྱས་གསར་པའི་འདུ་ཤེས་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། ཕྱི་རོལ་ཆོས་ཉིད་ལ་བརྩི་བཀུར་དང་དངོས་ཐོག་བདེན་འཚོལ། ཡུལ་བབ་དང་བསྟུན་པ་བཅས་བྱས་ནས། སྐྱེ་ཁམས་བཅོས་སྐྱོང་ལ་ཕན་འབྲས་ངོ་མ་ཐོབ་པར་ཁག་ཐེག་བྱེད་དགོས། གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཚན་རིག་ཞིབ་འཇུག་ཐད་མ་དངུལ་གཏོང་ཤུགས་ཇེ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ནས། སྐྱེ་ཁམས་བཅོས་སྐྱོང་གི་ཚན་རྩལ་རྒྱབ་རྟེན་ནུས་པ་ཇེ་དྲག་ཏུ་གཏོང་དགོས། དངོས་སྒྲུབ་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་སྟེ། ཕུགས་བསམ་དང་བརྩེ་སེམས། འགན་ཁུར་བཅས་སེམས་ལ་བཅངས་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་བྱ་བའི་ཁྲོད་ཞུགས་དགོས་ཟེར།

1124933534_15669988983031n.jpg

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། མཉམ་ཤུགས་སྔར་ལས་ཆེན་པོ་གྲུབ་པར་བྱས་ཏེ། བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་འཛུགས་སྐྲུན་གྱི་བྱ་བ་སྣ་ཚོགས་རྒྱུན་སྲིང་གིས་སྤེལ་དགོས། རིམ་པ་སོ་སོའི་སྲིད་གཞུང་གིས་དངོས་སུ་གཙོ་ཁྲིད་ཀྱི་ནུས་པ་བཏོན་ནས། ནོར་སྲིད་དང་དངུལ་རྩ་སོགས་ཀྱི་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཁྲོམ་རའི་གཙོ་ཤུགས་སྣ་ཚོགས་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཞུགས་པར་རྒྱབ་སྐྱོར་དང་སྐུལ་སློང་བྱས་ཏེ། ཁེ་ལས་ལ་དོན་དངོས་ཀྱི་དཀའ་ཁག་སེལ་རོགས་བྱེད་དགོས། སྐྱེ་ཁམས་དམིགས་ཚད་མ་ལག་བཙུགས་ཏེ། མ་གཞིའི་གནས་ཚུལ་ལ་རྒྱུས་ལོན་གསལ་པོ་བྱེད་པ་དང་། ཚན་རིག་དང་མཐུན་པར་བྱེ་འགོག་བྱེ་བཅོས་ཀྱི་ཇུས་གཞི་གཏན་འབེབས་བྶ་ནས། སྐྱེ་དངོས་སྣ་མང་རང་བཞིན་གྱི་ཕན་འབྲས་ལས་བྱེ་བཅོས་བྱ་བའི་མཐུག་ཚད་དང་མཐོ་ཚད་མཚོན་པར་བྱེད་དགོས། དམངས་ཡོངས་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཞུགས་ཤུས་ཇེ་ཆེར་གཏོང་བ་དང་། མི་དམངས་མང་ཚོགས་ལ་སྐྱེ་ཁམས་བཅོས་སྐྱོང་ཁྲོད་ནས་ཁེ་ཕན་སྔར་ལས་མང་པོ་ཐོབ་ཏུ་བཅུག་སྟེ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།