ཀྲུང་གོ་བོད་ཀྱི་དྲ་བ།

《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་རྣམ་བཤད་གནད་བསྡུས》པར་སྐྲུན་འགྲེམས་སྤེལ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2019-08-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 ཞིན་ཧྭ་གསར་འགྱུར་གི་གློག་འཕྲིན། ཁག་གཉིས་པའི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་སློབ་གསོ་སྤེལ་རྒྱུར་གཞོགས་འདེགས་བྱ་ཆེད། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཚང་ཞིབ་འཇུག་ཁང་དང་། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང་པའི”བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་མཉམ་འབྲེལ་ཐོག་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་སྐོར་གྱི་རྣམ་བཤད་གནད་བསྡུས》(གཤམ་དུ《གནད་བསྡུས》ཞེས་བསྡུ་རྒྱུ)ཞེས་པ་ཀྲུང་དབྱང་ཡིག་ཚང་དཔེ་སྐྲུན་ཁང་དང་ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཤིང་། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱ་རྒྱུ་རེད།

 《གནད་བསྡུས》ཀྱི་ནང་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་11པའི་ཚེས་15ཉིན་ནས་2019ལོའི་ཟླ་7པའི་ཚེས་16ཉིན་བར་གྱི་གསུང་བཤད་དང་། སྙན་ཞུ། རྩོམ་ཡིག མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ཕྱོགས་བསྡུས་བྱས་ཏེ། ཆེད་དོན་10རུ་དབྱེ་ནས་ཁྱོན་རྣམ་བཤད་ཚན་པ་362ཡོད། དེའི་ནང་གི་རྣམ་བཤད་ཁ་ཤས་ནི་ཐེངས་དང་པོར་ཡོངས་བསྒྲགས་བྱས་པ་རེད། ཀྲུང་དབྱང་གི“ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས《གནད་བསྡུས》ནིཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་འཆང”ཞེས་པའི་བརྗོད་དོན་སློབ་གསོའི་གཞི་རྩའི་བསླབ་གཞི་ཁྱབ་གདལ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྣམ་བཤད་སློབ་སྦྱོང་བྱེད་པའི་ཀློག་དེབ་གལ་ཆེན་ཞིག་ཡིན།《གནད་བསྡུས》དེ་བརྗོད་དོན་སློབ་གསོའི་སློབ་སྦྱོང་གི་འཆར་གཞིའི་ནང་བཅུག་ནས། ཏང་ཡོན་སྒྲིག་འཛུགས་ཀྱིས་སློབ་སྦྱོང་ནན་ཏན་བྱས་ཏེ་ནན་ཏན་གྱིས་འགན་འཁྲི་འཁུར་བ་དང་། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཉིང་བཅུད་སྔར་ལས་ལྷག་པའི་སྒོ་ནས་སྤྱོད་པ་དང་། ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་བྱ་ཆེད་ཡིན་པར་བསྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།