ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་དྲིལ་སྒྲོག་བྱ་བའི་སྲོལ་ཡིག་དཔར་ནས་བཀྲམ་པ་མ་ཟད་བརྡ་སྦྱོར་སྤེལ།

བརྡ་སྦྱོར་ནང་བསྟན་དོན། དྲིལ་སྒྲོག་བྱ་བ་ནི་ཏང་གི་ཧ་ཅང་གལ་ཆེ་བའི་བྱ་བ་ཞིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་ཐད་ཀྱི་རྒྱལ་ཁ་རྒྱུན་མ་ཆད་པར་བརྩོན་ལེན་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དང་ཆབ་སྲིད་ཀྱི་དགེ་མཚན་ཡིན། སྲོལ་ཡིག་གཏན་འབེབས་བྱས་ནས་འགྲེམ་སྤེལ་བྱས་པ་དེས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་བྱ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ལ། ་དྲིལ་སྒྲོག་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན། ལམ་ལུགས་ཅན་དུ་འཛུགས་སྐྲུན་བྱེད་པའི་ཐད་ནས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་པ་མཚོན་ཡོད་ཟེར།

བརྡ་སྦྱོར་ནང་། རིམ་པ་སོ་སོའི་ཏང་ཨུ་དང་ཏང་ཙུའུ་ཡིས་སྲོལ་ཡིག་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དྲིལ་སྒྲོག་དང་འགྲེལ་ཀློག་བྱེད་པར་དམ་འཛིན་དང་ཞིབ་བཤེར་ལ་སྐུལ་འདེད་གཏོང་བ་དང་། ཏང་གི་དྲིལ་སྒྲོག་བྱ་བའི་ཐད་ཀྱི་ཁྱོན་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་བསྣན་ནས། ཏང་ཀྲུང་དབྱང་གི་དྲིལ་སྒྲོག་བྱ་བའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་མོ་བྱེད་པར་ཁག་ཐེག་བྱེད་དགོས་པའི་རེ་བ་བཏོན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།