ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124943883_15671820669811n.jpg

ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུའུ་ལཱ་ཐའོ་ལེ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་སུམ་ཅུ་ཉིན་གྱི་དགོང་མོར་པེ་ཅིན་ནས་རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་མུའུ་ལཱ་ཐའོ་ལེ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ལྒང་ལི་ནི་འཛམ་གླིང་སྟེང་ཤུགས་རྐྱེན་ཆེན་པོ་ལྡན་པའི་ལུས་རྩལ་ལས་འགུལ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་དགའ་བསུ་ཆེན་པོ་བྱེད་ཀྱིན་ཡོད། ཀྲུང་གོས་ལྒང་ལི་ལུས་རྩལ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་པ་དང་། རྒྱལ་སྤྱིའི་ལྒང་ལིའི་ལས་དོན་ཁྲོད་ཞུགས་ནས། རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལྒང་ལི་ལས་འགུལ་འཕེལ་རྒྱས་སུ་གཏོང་བར་འབད་འཐབ་ལྷོད་མེད་བྱེད་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད། སྐབས་འདིའི་འཛམ་གླིང་རྟགས་མའི་ལྒང་ལི་འགྲན་ཚོགས་དེ་བརྗེད་དཀའ་ཞིང་ཕུན་སུམ་ཚོགས་པའི་ལུས་རྩལ་འགྲན་ཚོགས་ཞིག་ཏུ་བསྒྲུབ་ཐུབ་པར་ཡིད་ཆེས་ཡོད་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་ལ། ལུས་རྩལ་ལས་དོན་ཐད་ནས་གྲུབ་འབྲས་རླབས་ཆེན་བླངས་པ་དང་། ལུས་རྩལ་ནི་སྟོབས་ལྡན་གྱི་རྒྱལ་ཁབ་ཞིག་ཏུ་ཡོད་དགོས་པའི་འོས་འགན་ཡིན་ལ། མི་དམངས་ཀྱི་བདེ་ཐང་དང་བདེ་སྐྱིད་འཚོ་བའི་གྲུབ་ཆ་གལ་ཆེན་ཡང་ཡིན། ཀྲུང་གོས་ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་བཞིན་པའི་སྒང་ཡིན་པས། ང་ཚོས་རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་བར་མུ་མཐུད་དུ་མཉམ་ལས་སྤེལ་ནས། ཀྲུང་གོའི་ལྒང་ལི་ལུས་རྩལ་ཁྱབ་གདལ་དང་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མུའུ་ལ་ཐའོ་ལེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་སྐབས་འདིའི་འཛམ་གླིང་རྟགས་མའི་ལྒང་ལི་འགྲན་ཚོགས་ཀྱི་འགོ་རྩོམ་མཛད་སྒོར་ཞུགས་པ་དང་ཀྲུང་གོ་སྲིད་གཞུང་གིས་དུས་ཡུན་རིང་བོར་རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱི་བྱ་བར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་སྐབས་འདིའི་འཛམ་གླིང་རྟགས་མའི་ལྒང་ལི་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བ་བཟང་བོ་བསྒྲུབ་པར་བསྔགས་བརྗོད་བྱས་ལ། སྐབས་འདིའི་འགྲན་ཚོགས་དེ་འཛམ་གླིང་ལྒང་ལི་འགྲན་ཚོགས་ཀྱི་ལོ་རྒྱུས་སྟེང་གི་ཆེས་བཟང་བའི་འགྲན་ཚོགས་སུ་བསྒྲུབ་པར་ཡིད་ཆེས་བརྟན་པོ་ཡོད་ཟེར། ཁོས་བསྟན་དོན། རྒྱལ་སྤྱིའི་ལྒང་ལི་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོ་བར་གྱི་མཉམ་ལས་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོའི་ལྒང་ལིའི་ལས་དོན་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཏིང་ཞུའེ་ཝང་དང་སུང་ཁྲུན་ལན། དབྱང་ཅེ་ཁྲི། ཚའེ་ཆི། ཚང་དབྱི་སོགས་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།