ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པས་ཝང་ཆི་ཧྲན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9པའི་ཚེས3ཉིན། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་པེ་ཅིན་ནས་མཇུག་སྒྲིལ། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱིས《ཀྲུང་གོའི་རྒྱ་གྲམ་དམར་པོའི་ཚོགས་པའི་སྒྲིག་ཡིག》གི་འབྲེལ་ཡོད་གཏན་འབེབས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས།

  ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁྲེན་ཀྲུའུ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་ལ་འདེམས། ལིའང་ཧུའེ་ལིང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གཞོན་པར་འདེམས། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་གཅིག་པའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་ཚོགས་འདུའི་ཐོག་ཁྲེན་ཅན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་གཅིག་པའི་ལྟ་ཞིབ་པའི་ལྷན་ཚོགས་ཀྱི་ལྟ་ཞིབ་འགོ་གཙོར་འདེམས་བསྐོ་བྱས་པ་རེད།   

 མཇུག་སྒྲིལ་ཚོགས་འདུའི་སྟེང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གསར་པ་ཁྲེན་ཀྲུའུ་ཡིས་གསུང་བཤད་གནང་བ་རེད། 

ཚོགས་ཆེན་སྟེང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཐེངས་བཅུ་བའི་ལས་འཛིན་ལྷན་ཚོགས་ཀྱི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག(དག་བཅོས་འཆར་ཟིན)ཀྱི་གྲོས་ཆོད། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་འཕེལ་རྒྱས་འཆར་འགོད་རྩ་གནད(2020ལོ་ནས2024ལོ་བར)སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།