ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་པེ་ཅིན་ནས་གྲོལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཅིག་པ་ཚེས་གསུམ་ཉིན་པེ་ཅིན་ནས་གྲོལ། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་སྐབས་བཅུ་གཅིག་པའི་ལས་འཛིན་ཚོགས་པས་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག་གི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་ནས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་ཚོགས་གཙོར་གདན་ཞུ་བྱས།

ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་སྐབས་བཅུ་གཅིག་པའི་ལས་འཛིན་ཚོགས་པའི་གྲོས་ཚོགས་ཐེངས་དང་པོས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཁྲིན་ཀྲུའུ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོར་བདམས་པ་དང་། ལེང་ཧོས་ལིན་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམ། མཇུག་བསྡུའི་གྲོས་ཚོགས་སྟེང་དུ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་གསར་དུ་འགན་ཁུར་བའི་ཚོགས་གཙོ་ཁྲིན་ཀྲུའུ་ཡིས་གཏམ་བཤད། གྲོས་ཚོགས་སྟེང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པ་སྐབས་བཅུ་བའི་ལས་འཛིན་ཚོགས་པའི་བྱ་བའི་སྙན་ཞུའི་འབྲེལ་ཡོད་གྲོས་ཆོད་དང་། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག་བཟོ་བཅོས་འཆར་ཟིན་གྱི་འབྲེལ་ཡོད་གྲོས་ཆོད། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་ཉིས་སྟོང་ཉི་ཤུ་ལོ་ནས་ཉིས་སྟོང་ཉེར་བཞི་ལོའི་བར་གྱི་ལས་དོན་འཕེལ་རྒྱས་འཆར་འགོད་རྩ་གནད་ཀྱི་འབྲེལ་ཡོད་གྲོས་ཆོད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།