ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨུ་རུ་སིའི་རང་བྱུང་སོལ་རླངས་བཟོ་ལས་ཀུང་ཟིའི་ཙུང་ཚའེ་མུའུ་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124959346_15675686255091n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཚེས་གསུམ་ཉིན་ནས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་ཨུ་རུ་སིའི་རང་བྱུང་སོལ་རླབས་བཟོ་ལས་ཀུང་ཟིའི་ཙུང་ཚའེ་མུའུ་ལི་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ད་ལོའི་ཟླ་དྲུག་པའི་ནང་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ཐུང་ཕུའུ་ཅིན་དང་ལྷན་དུ་ཀྲུང་གོ་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་དུས་རབས་གསར་པའི་ཁྱོན་ཡོངས་འཐབ་ཇུས་གྲོས་མོལ་རོགས་རེས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ཁྱབ་སྒྲོག་གནང་བ་དེས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་ལོ་རྒྱུས་ཀྱི་གནས་ཐིག་དང་ནང་སྙིང་གསར་བ་བསྩལ་ཡོད། རྒྱལ་ཁབ་གཉིས་ཀའི་གཙོ་འཛིན་གྱི་ཐུན་མོང་ཐུགས་ཁུར་དང་སྐུལ་འདེད་འོག་ནས། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁུངས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་ལས་ཇེ་མཐོར་བཏང་ཡོད་ཁར་དེ་བསྟུན་གྱི་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་བླངས་ཡོད། རེ་བ་ཡིན་ན། སྔར་ལས་ལྷག་པའི་སྒོ་ནས་རང་བྱུང་སོལ་རླངས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་ཁྱོན་ཡོངས་བདེན་གཉེར་མཉམ་ལས་བྱ་བར་སྐུལ་འདེད་བཏང་ནས་གྲུབ་འབྲས་ཐོབ་པར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།