ལིས་ཀྲན་ཧྲུའུ་ཡིས་འཇར་མན་གྱི་ཙུང་ལི་ལ་མཇལ་འཕྲད་གནང་།

2.jpg

ཟླ་དགུ་བའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་དྲུག་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨེར་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། ཐེངས་འདིར་ཙུང་ལིས་འགན་ཁུར་བའི་སྐབས་སུ་ཀྲུང་གོར་འཚམས་འདྲི་ཐེངས་བཅུ་གཉིས་པ་བྱས་པ་དེས། ཁྱེད་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ཧ་ཅང་མཐོང་ཆེན་བྱེད་ཀྱིན་པ་མཚོན་ཡོད་ལ། འཇར་མན་ནི་ཀྲུང་གོའི་ཡོ་རོབ་གླིང་གི་མཉམ་ལས་གྲོགས་པོ་གལ་ཆེན་ཡིན་པ་དང་། ཀྲུང་གོ་དང་འཇར་མན་གྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་དང་མི་དམངས་ལ་མཐོར་ཐུབ་ཅིང་རེག་ཐུབ་པའི་ཁེ་ཕན་བསྐྲུན། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་ཁྲིམས་འཛུགས་བྱས་པ་བརྒྱུད་དེ་ཚོང་གཉེར་ཁོར་ཡུག་བསྐྲུན་པར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ད་ལོར་གྲོས་འཆམ་བྱུང་བའི་ཕྱི་ཚོང་དངུལ་གཏོང་བཅའ་ཁྲིམས་ཀྱིས་ཕྱི་རྒྱལ་གྱི་ཁེ་ལས་ཀྲུང་གོ་ནས་འཕེལ་རྒྱས་སུ་གཏོང་བའི་ཐད་ཤུགས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས། འཇར་མན་ཕྱོགས་ཀྱིས་དངུལ་གཏོང་ཞིབ་བཤེར་དང་ཚོང་ར་འཇུག་པ་སོགས་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ལ་འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུའི་རེ་བ་བཅངས་ཡོད། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱིས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་བར་གྱི་རིམ་པ་སོ་སོའི་འགྲོ་འོང་ལ་ཤུགས་བསྣན་ནས། ཕན་ཚུན་བར་གྱི་རྒྱུས་ལོན་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

མའོ་ཁི་ཨེར་གྱིས་བསྟན་དོན། ངའི་ཐེངས་འདིའི་འཚམས་འདྲི་དེ་འཇར་མན་དང་ཀྲུང་གོའི་འབྲེལ་བ་དམ་ཟབ་ཏུ་གཏོང་བར་ཧ་ཅང་གལ་ཆེ། འཇར་མན་གྱིས་ཀྲུང་གོ་འཕེལ་རྒྱས་སུ་གཏོང་བའི་ཐད་རྣམ་འགྱུར་ཡག་པོ་བཟུང་ཡོད་ལ། དེའི་ཁྲོད་ནས་མཉམ་ལས་ཀྱི་གོ་སྐབས་སྔར་ལས་མང་པོ་ཐོབ་པར་རེ་བ་བཅངས་ཡོད། ངས་རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱིས་བརྗེ་རེས་མཉམ་ལས་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཟེར། 

ཁྲིན་ཀྲུའུ་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།