ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་ཞིང་ལས་སྐོར་གྱི་མཐོ་རིམ་སློབ་གྲྭའི་རྒྱ་ཆེའི་དགེ་སློབ་ཡོངས་ལ་འཕྲིན་ལན་བསྐུར།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ལྔ་ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་སྐོར་གྱི་མཐོ་རིམ་སློབ་གྲྭའི་ཧྲུའུ་ཅི་དང་སློབ་གཙོ། ཆེད་མཁས་པའི་འཐུས་ཚབ་པར་འཕྲིན་ལན་བསྐུར་ནས། ཞིང་ལས་དང་འབྲེལ་བའི་མཐོ་རིམ་སློབ་གྲྭའི་སློབ་སྒྲུབ་ཁ་ཕྱོགས་ཐད་ནས་རེ་བ་བཏོན་པ་དང་། རྒྱ་ཆེའི་དགེ་སློབ་ཡོངས་ལ་སྐུལ་མ་བཏང་།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོའི་དེང་རབས་ཅན་ཞིང་ལས་ཞིང་སྡེ་དེང་རབས་ཅན་དང་འབྲལ་ཐབས་མེད་ལ། ཞིང་ལས་ཞིང་སྡེ་དེང་རས་ཅན་གྱི་གནད་འགག་ནི་ཚན་རྩལ་དང་ཤེས་ལྡན་མི་སྣ་ཡིན། དུས་རབས་གསར་བའི་ནང་ཞིང་སྡེ་ནི་རེ་བའི་ལྟེམས་པའི་ཞིང་ས་ལྟ་བུ་དང་། ལས་གཉེར་ལས་སྐྲུན་ནི་ཁོད་ཡངས་པའི་གར་སྟེགས་ལྟ་བུ་ཡིན་ལ། རང་རྒྱལ་གྱི་མཐོ་རིམ་ཞིང་ནགས་སློབ་གསོ་ཐད་ནས་མདུན་ལམ་ཆེན་པོ་ཡོད་པས། ཁྱེད་ཚོས་མུ་མཐུད་དུ་ཀུན་སྤྱོད་འཛུགས་སྐྲུན་ལ་བརྟེན་མི་སྐྱོང་རྒྱུ་དེ་རྩ་བ་རུ་བྱེད་པ་དང་། ཞིང་ཕྱུག་ཞིང་དར་བྱེད་རྒྱུ་དེ་རང་འགན་དུ་བརྩི་བ། ཚན་རྩལ་གྲུབ་འབྲས་མང་པོ་བརྩོན་ལེན་བྱེད་པ། ཞིང་ལས་ཐད་མཁས་པ་དང་ཞིང་ལས་ལ་དགའ་བའི་རིགས་གསར་བའི་ཤེས་ལྡན་མི་སྣ་སྔར་ལས་མང་པོ་སྐྱེད་སྲིང་བྱས་ནས། ཞིང་ལས་ཞིང་སྡེ་དེང་རབས་ཅན་དུ་བསྒྱུར་བ་དང་། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་ཁག་ཐེག་བྱེད་པ། ཞིང་བ་དུང་ཕྱུར་མང་པོའི་འཚོ་བའི་ཆུ་ཚད་དང་བསམ་བློ་ཀུན་སྤྱོད་བྱང་ཚད་མཐོར་འདེགས་གཏོང་བ། རི་ཆུ་ནགས་ཞིང་དང་མཚེའུ། རྩྭ་ཐང་མ་ལག་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ། དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་། ཞིང་སྡེ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བའི་ཐད་རྒྱུན་མ་ཆད་པར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས་ཟེར། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།