ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་འགོ་ཁྲིད་ཚན་ཆུང་གིས་སྐོར་ཐེངས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐོར་གྱི་མཛུབ་སྟོན་བསམ་འཆར་དཔར་ནས་བཀྲམ་པ་མ་ཟད། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་བཀོད་སྒྲིག་རེ་བ་སློབ་སྦྱོང་ནན་མོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་རྒྱུ་དེ་རྩ་བའི་ལས་འགན་དུ་བརྩི་བ། ཐོག་མའི་བསམ་འདུན་དམ་སྲུང་དང་འགན་འཁྲི་ཕྲག་ཏུ་ལེན་པ། བར་ཁྱད་འཚོལ་བ། ལག་བསྟར་དམ་འཛིན་བྱེད་པའི་སྤྱིའི་རེ་བ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པ། བསམ་བློའི་ངོས་ཟིན་དང་གནད་དོན་ལ་ལྟ་ཞིབ་ནན་མོ་བྱེད་པ་དང་། དག་ཐེར་ལེགས་བཅོས་དང་རྩ་འཛུགས་ཀྱི་འགོ་ཁྲིད་ལ་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱེད་པ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོ་ཐད་ཀྱི་ཉམས་མྱོང་བཟང་བོར་དཔེ་ལྟ་གང་ལེགས་བྱེད་པ། རང་ཉིད་གསར་བརྗེ་བྱེད་པའི་སྙིང་སྟོབས་ལ་བརྟེན་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་འགལ་བའི་གནད་དོན་སྣ་ཚོགས་ཐག་བཅད་དེ། ཧུར་ཐག་གིས་གཞུང་ལུགས་སློབ་སྦྱོང་ཐད་ནས་གྲུབ་འབྲས་ལེན་པ་དང་། བསམ་བློ་ཆབ་སྲིད་ཐད་ནས་སྦྱོང་བརྡར་བྱེད་པ། ལས་གཉེར་ལས་སྐྲུན་ཐད་ནས་ཁག་ཁུར་ཡོད་པར་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་ཐག་གཅོད་པ། སྤྱོད་གཙང་སྲོལ་བཟང་བྱས་ནས་མིག་དཔེ་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་དགོས་ཞེས་ནན་གྱིས་བསྟན།

བསམ་འཆར་ལྟར་ན། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་དེ2019ལོའི་ཟླ་དགུ་བ་ནས་སྤེལ་འགོ་བརྩམས་པ་དང་། ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་ཕལ་ཆེར་མཇུག་བསྡུ་རྒྱུ་རེད། སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ལས་ཁུངས་གཙོ་བོར་ཀྲུང་དབྱང་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་མཐོ་རིམ་སློབ་གྲྭ་གཞན་པ། གྲོང་ཁྱེར་དང་རྫོང་ལས་ཁུངས། གྲོང་ཁྱེར་དང་རྫོང་གི་ཐད་གཏོགས་ལས་ཁུངས་དང་ཁེ་ལས། ལས་དོན་སྡེ་ཁག ཞང་དང་གྲོང་རྡལ། སྲང་ལམ་དང་སྡེ་བ། གཞིས་ཁུལ། སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་དང་གཞི་རིམ་རྩ་འཛུགས་གཞན་པ། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོར་མ་ཞུགས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ཀྱི་ལས་ཁུངས། ཀྲུང་དབྱང་ཁོངས་གཏོགས་དངུལ་རྩ་དང་ཁེ་ལས། ཀྲུང་དབྱང་ཁོངས་གཏོགས་ཁེ་ལས་ཀྱི་མངག་གཏོང་ལས་ཁུངས་དང་ཡན་ལག་ལས་ཁུངས་བཅས་འདུ།

བསམ་འཆར་ལས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་ཨུས་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོ་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་དམ་འཛིན་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་གྱི་ཏང་ཨུས་རང་ས་ཁུལ་གྱི་སྐོར་ཐེངས་གཉིས་པའི་བརྗོད་དོན་སློབ་གསོའི་སྤྱི་འགན་ཁུར་བ་དང་། འཆར་འགོད་མཛུབ་སྟོན་ལ་ཤུགས་བསྣན་ནས། ལག་བསྟར་ལ་སྐུལ་འདེད་གཏོང་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིས་འགོ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་། འགོ་ཁྲིད་དེ་དག་ཐེར་ལེགས་བཅོས་བྱེད་པ། འགོ་ཁྲིད་དེ་དམ་འཛིན་བྱས་ཏེ། འགན་འཁྲི་མི་སྣ་དང་པོའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།