ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་པ་རྒན་པ་རྣམས་ལ་འཕྲིན་ལན་བསྐུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བློ་མཐུན་ཏིང་ཡུས་དང་ཞུའེ་ཏེན་ཞི་སོགས་ཀྱི་དྲུང་དུ། 

ལྷན་རྒྱས་སྐུ་ཁམས་བཟང་། འཕྲིན་ཡིག་འབྱོར་བྱུང་། ཁྱེད་ཚོའི་ལས་འཁྱུར་ངལ་གསོ་བྱས་རྗེས་སྔར་བཞིན་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་རིག་གནས་བྱ་གཞག་ལ་དོ་སྣང་བྱེད་པ་དེ་ཐོག་ནས་ཁྱེད་ཚོས“དཔལ་ཡོན་རྒྱུན་འཛིན་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི”ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་མཚོན་ཡོད། 

ལོ་ངོ110ཡི་རིང་རྒྱལ་ཁབ་དཔེ་མཛོད་ཁང་གིས་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་དང་། རྒྱལ་དམངས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་མ་ཟད། རྒྱལ་ཁབ་དཔེ་མཛོད་ཁང་གི་མི་རབས་ནས་མི་རབས་བར་གྱི་ལས་བྱེད་མི་སྣས་དེའི་ཐད་བློ་གྲོས་དང་སྟོབས་ཤུགས་གང་ཡོད་ཕུལ་ཡོད་པས། འདིར་ངས་རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་བྱས་པ་ཡིན། 

དཔེ་མཛོད་ཁང་ནི་རྒྱལ་ཁབ་ཀྱི་རིག་གནས་འཕེལ་རྒྱས་ཆུ་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་མི་རིགས་ཀྱི་སེམས་པ་གསོ་བ་དང་རིག་གནས་ཀྱི་གདེང་ཚོད་སྐྱེད་སྲིང་བྱ་ཡུལ་གལ་ཆེན་ཞིག་རེད། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ། ཞབས་ཞུ་བྱེད་སྟངས་གསར་གཏོད། དམངས་ཡོངས་ཀྱི་དཔེ་ཀློག་ལ་སྐུལ་འདེད། སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུ་བཅས་ཀྱི་རེ་བ་ཡོད། 

ཞི་ཅིན་ཕིང་། 

2019ལོའི་ཟླ་9ཚེས་8ཉིན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།