ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོལ་ངན་བཞི་ལ་ངོ་རྒོལ་བྱེད་པའི་བྱ་བར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཀྲའོ་ལི་ཅི་ཡི་མཛུབ་སྟོན་རེ་བ་ལྟར། ཟླ་དགུ་བའི་ཚེས་བཅུ་ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

ཚོགས་ཐོག་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་ཟབ་མོ་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་སྔར་ལས་མཐོར་འདེགས་སུ་གཏོང་བ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་དགོས། བརྗོད་དོན་སློབ་གསོ་སྤེལ་བ་སྒུལ་ཤུགས་སུ་བསྒྱུར་ཏེ། བྱ་བའི་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་བློ་ཐག་རྦད་ཆོད་སྒོས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་དག་ཐེར་དང་བཅོས་སྐྱོང་བྱེད་དགོས་ལ། སྐྱིད་འདོད་རིང་ལུགས་དང་བག་མེད་ཆུད་ཟོས་སུ་གཏོང་བའི་བྱ་སྤྱོད་ལ་བཅོས་སྐྱོང་ནན་མོ་བྱེད་པ་དང་། རྒྱུན་མཐུད་སྒོས་སྲོལ་ངན་བཞི་ལ་དག་ཐེར་དང་བཅོས་སྐྱོང་བྱེད་དགོས། དུས་རབས་གསར་བའི་ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱེད་པའི་ཆོས་ཉིད་དང་ཁྱད་ཆོས། བྱ་བའི་རེ་བ་གསལ་བོར་ཤེས་པར་བྱས་ཏེ། འཐབ་ཇུས་གཏན་ཤུགས་སྲུང་འཛིན་བྱེད་པ་དང་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་པར་མ་ཟད། ཧུར་ཐག་སྒོས་སྲོལ་ངན་བཞི་ལ་དག་ཐེར་དང་བཅོས་སྐྱོང་བྱེད་པའི་བྱ་བ་དེ་སྤུས་ཚད་མཐོ་བར་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།