ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས།​

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། སློབ་མའི་འཐུས་ཚབ་པའི་གཏམ་བཤད་ལ་ཉན་པར་མ་ཟད་གསུང་བཤད་གནང། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་ཚེས་བཅུ་གཉིས་ཉིན་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་རྒྱལ་ཁོངས་བར་སྟོང་འཆར་འགོད་ཀྱི་ཆེད་དོན་ཞིབ་སྡུར་འཛིན་གྲྭའི་བཞུགས་མོལ་ཚོགས་འདུར་ཞུགས་ནས། སློབ་མའི་འཐུས་ཚབ་པའི་གཏམ་བཤད་ལ་ཉན་པར་མ་ཟད་གསུང་བཤད་གནང། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁོངས་བར་སྟོང་འཆར་འགོད་བྱ་བའི་སྐོར་གྱི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ། ལག་བསྟར་དམ་འཛིན་བྱས་ཏེ། རྒྱལ་ཁོངས་བར་སྟོང་འཆར་འགོད་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་བསྟན་དོན། འཆར་འགོད་བྱ་བ་ནི་ཤེས་ཡོན་ཆེན་པོ་ཡིན་པས། ངེས་པར་དུ་ཚན་རིག་དང་ཆོས་ཉིད་ལ་བརྩི་མཐོང་བྱེད་དགོས། མི་གཙོར་འཛིན་པ་དང་། ལོ་རྒྱུས་དང་མི་དམངས་ལ་འགན་ཁུར་བའི་རྣམ་འགྱུར་བཟུང་ནས། མང་ཚོགས་བདེ་སྡོད་སྟབས་བདེའི་འདུ་ཤེས་འཆར་འགོད་ཀྱི་གོ་རིམ་ཧྲིལ་བོ་ཁྲོད་མངོན་པར་བྱེད་དགོས། གསར་སྤེལ་བྱེད་ཤུགས་ལ་ཚོད་འཛིན་བྱེད་པ་དང་། གྲོང་ཁྱེར་གྱི་འཆར་འགོད་ཐད་ནས་ངེས་པར་དུ་འཛུགས་སྐྲུན་བྱེད་སའི་སྤྱིའི་གྲངས་ཀ་དང་གཞིས་སའི་ཟིན་ཚད་ཀྱི་ཚད་མཐའ་དམ་སྲུང་བྱེད་དགོས། ཡུན་རིང་ལ་རྐང་བཙུགས་ནས། མི་རབས་རྗེས་མར་བར་སྟོང་འཇོག་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཧན་ཀྲིན་གྱིས་ནན་གྱིས་བསྟན་དོན། ཚད་གཞི་མཐོན་པོས་རྒྱལ་ཡོངས་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཐད་ཀྱི་འཆར་འགོད་རི་མོ་འབྲི་བ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་མཚམས་དང་ཡུན་རིང་གི་གཞི་རྩའི་ཞིང་ས། གྲོང་གསེབ་གསར་སྤེལ་ས་མཚམས་བཅས་ཀྱི་ཚོད་འཛིན་ཐིག་རིས་བཟང་བོར་འབྲི་བ་དང་ལག་བསྟར་བྱེད་པ། རྒྱལ་ཁོངས་བར་སྟོང་འཆར་འགོད་ཐད་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། ལག་རྩལ་ཚད་གཞི་མ་ལག་ཡང་བསྐྱར་བཙུགས་ཏེ།  འཆར་འགོད་ལ་ཤུགས་སྣོན་པ་དང་ལྟ་སྐུལ་ལག་བསྟར་བྱེད་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་རྩ་འཛུགས་འགོ་ཁྲིད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོན་པོས་རིམ་པ་སོ་སོའི་རིགས་མི་འདྲ་བའི་འཆར་འགོད་སྒྲིག་བཟོ་ལས་འགན་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།