ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཚེས་བཅུ་གཅིག་ཉིན་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་རྣམ་གཉིས་ཀྱིས་གྲོས་མོལ་མཛད་དེ་ཀྲུང་གོ་དང་ཧ་སག་སི་ཐན་བར་གྱི་ཡུན་རིང་ཞིང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་རྒྱུ་ཁྱབ་སྒྲོག་བྱས་ནས། ཀྲུང་གོ་དང་ཧ་སག་སི་ཐན་འབྲེལ་བར་ལོ་རྒྱུས་ཀྱི་གཏན་གནས་གསར་བ་གསལ་བོ་བྱས། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་ཧ་སག་སི་ཐན་གྲོས་ཁང་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་ཏེ། ཆབ་སྲིད་ཡིད་ཆེས་ལ་དམིགས་ཤིང་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱེད་པ་དང་། སྲིད་ཇུས་རྒྱུན་མཐུད་རང་བཞིན། བདེ་འཇགས་མཉམ་ལས། མི་གཞུང་བརྗེ་རེས་སོགས་ཀྱི་ཐད་ལ་ནུས་པ་ཆེན་པོ་འདོན་པ་དང་། ཁྲིམས་འཛུགས་སྒྲིག་གཞི་བར་གྱི་རིམ་པ་སོ་སོའི་མཛའ་མཐུན་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་ཐད་ལ་བཅའ་ཁྲིམས་ཀྱི་ཁོར་ཡུག་ལེགས་པོ་ཞིག་གསར་སྐྲུན་བྱེད་འདོད་ཡོད་ཟེར།

ཐོ་ཁ་དབྱི་ཧྥུའུ་ཡིས་བཤད་རྒྱུར། ཧ་སག་སི་ཐན་ཕྱོགས་ཀྱིས་ཀྲུང་གོས་ལོ་ངོ་བདུན་ཅུའི་རིང་ལ་བླངས་པའི་གྲུབ་འབྲས་ལ་ཡིད་སྨོན་བྱེད་ཀྱིན་ཡོད། ཁྲིམས་འཛུགས་མཉམ་ལས་ནི་ཧ་སག་སི་ཐན་དང་ཀྲུང་གོའི་ཡུན་རིང་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱིས་ཁྲིམས་འཛུགས་སྒྲིག་གཞིའི་མཉམ་ལས་དང་ཁྱབ་ཁོངས་སོ་སོའི་བརྗེ་རེས་གཏིང་ཟབ་ཏུ་སྤེལ་བར་རྒྱབ་སྐྱོར་བྱེད་པ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།