ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེ་མཐུན་ཚོགས་ཀྱིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས12ཉིན། ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེ་མཐུན་ཚོགས་དང་ཨུ་རུ་སི་དང་ཀྲུང་གོའི་མཛའ་བརྩེ་མཐུན་ཚོགས། ཨུ་རུ་སིའི་ཀྲུང་གོའི་སྤྱིའི་ཚོང་ཚོགས་བཅས་ཀྱིས་མོ་སི་ཁོ་ནས་མཉམ་འབྲེལ་སྒོས་བྱ་འགུལ་སྤེལ་ནས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་བཙུགས་ནས་ལོ་འཁོར་བདུན་ཅུ་དང་ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེ་མཐུན་ཚོགས་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས།

ཕྱོགས་གཉིས་ཀྱི་ཚོགས་ཞུགས་མི་སྣས་ཀྲུང་གོ་གསར་བ་དབུ་བརྙེས་པའི་ལོ་ངོ་བདུན་ཅུའི་རིང་བླངས་པའི་གྲུབ་འབྲས་རླབས་ཆེན་དང་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བའི་ཐད་ཀྱི་ཡུན་རིང་གི་འཕེལ་རྒྱས་ལ་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་མཛའ་བརྩེ་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམངས་ཁྲོད་མཛའ་བརྩེ་དང་ཁྱབ་ཁོངས་སོ་སོའི་བྱ་འགུལ་ཁྲོད་ཀྱི་ནུས་པ་གལ་ཆེན་ལ་ཁས་ལེན་བྱས།

ཨུ་རུ་སིའི་ཡཱ་ལིས་ཧྲན་ཏི་ལོ་ཧྥུའུ་དར་དམར་གླུ་གར་ཚོགས་པ་དང་ཀྲུང་གོ་ཏུང་ཧྥང་རོལ་མོ་ཚོགས་པ། ཕྱིར་སྡོད་མི་སྣའི་རིག་རྩལ་ཚོགས་པ་བཅས་ཀྱིས་རིག་རྩལ་འཁྲབ་སྟོན་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།