ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭ་ཡིས་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-09-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9བའི་ཚེས12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧུའུ་ཁྲུན་ཧྭ་ཡིས་ཧྲང་ཧེ་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པའི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱས། ཁོས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ནན་ཏན་སྒོས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། ཚད་གཞི་དང་རེ་བ་མཐོ་བའི་སྒོ་ནས་མཇུག་མཐའི་དུས་རིམ་གྱི་གྲ་སྒྲིག་བྱ་བ་བཟང་བོར་བསྒྲུབ་ནས། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམ་སྟོན་ཚོགས་འདུ་སྐབས་གཉིས་པ་དེ་ཆུ་ཚད་མཐོ་ཞིང་ཕན་འབྲས་ལྡན་པ་ཞིག་ཏུ་སྒྲུབ་རྒྱུ་འགན་སྲུང་བྱེད་དགོས་ཟེར།

ཧུའུ་ཁྲུན་ཧྭ་ཡིས་རྒྱལ་ཁབ་འགྲེམ་སྟོན་ལྟེ་གནས་ཀྱི་སྒྱུར་བཀོད་ཡུལ་དངོས་དང་རྒྱལ་ཁབ་འགྲེམ་སྟོན་ཁང་སོགས་ཀྱི་བཀོད་སྒྲིག་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། ཧྲང་ཧེ་གྲོང་ཁྱེར་དང་ཚོང་དོན་པུའུ་ཡིས་གྲ་སྒྲིག་གནས་ཚུལ་ཡར་ཞུ་བྱས་པར་ཉན། ཁོས་བཤད་རྒྱུར། གྲ་སྒྲིག་བྱ་བ་དེ་མཇུག་མཐའི་གནད་འགག་གི་དུས་རིམ་དུ་བསླེབ་ཡོད་པས།  ལས་ཁུངས་སོ་སོས་ལས་འགན་དང་ལེན་བྱས་ཏེ་གནད་ས་འབུར་དུ་ཐོན་པར་བྱེད་པ་དང་དངོས་འབེབས་བྱ་བ་དམ་འཛིན་བྱེད་དགོས་ལ། ཕྱི་དོན་བྱ་འགུལ་ལ་ཇུས་འགོད་དང་རྩ་འཛུགས་བཟང་བོ་བྱེད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཐེངས་འདིའི་འགྲེམ་སྟོན་བྱ་བ་ལེགས་འགྲུབ་ཡོང་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།