ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་ལྗང་མདོག་ཕྱིར་སྐྱོད་བྱེད་ཐབས་ཀྱིས་ཉིན་ལྟར་མི་ཐེངས་དུང་ཕྱུར3ཙམ་ལ་ཞབས་འདེགས་ཞུ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-09-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། གསར་འགོད་པས་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་། སྤྱི་བདེ་པུའུ། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས། ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཅས་ཀྱིས་མཉམ་འབྲེལ་ཐོག་གཉེར་བའི2019ལོའི་ལྗང་མདོག་ཕྱིར་སྐྱོད་དྲིལ་བསྒྲགས་ཟླ་བ་དང་སྤྱི་སྤྱོད་རླངས་འཁོར་དྲིལ་བསྒྲགས་གཟའ་འཁོར་གྱི་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ལྗང་མདོག་ཕྱིར་སྐྱོད་འཕེལ་རྒྱས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་དང་ལྗང་མདོག་ཕྱིར་སྐྱོད་བྱེད་ཐབས་ཀྱིས་ཉིན་ལྟར་མི་ཐེངས་དུང་ཕྱུར་3ཙམ་ལ་ཞབས་འདེགས་ཞུ་ཡི་ཡོད་པ་རེད།

འགྲིམ་འགྲུལ་སྐྱེལ་འདྲེན་པུའི་ཏང་ཙུའུ་ཡི་ཁོངས་མི་དང་པུའུ་ཀྲང་གཞོན་པ་ལིའུ་ཞའོ་མིང་གིས་མིག་སྔའི་བར་རྒྱལ་ཡོངས་སུ་ཁྱོན་གྲོང་ཁྱེར་གྱི་སྤྱི་པའི་གློག་རླངས་རླངས་འཁོར་ཁྲི་67ཙམ་ཡོད་པའི་ནང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཁྲི་34ཡོད་པ་དེས་51%བཟུང་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད། ཁྱོན་གྲོང་ཁྱེར་37ལ་འཁོར་ལམ་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་དང་གཉེར་སྐྱོང་ལམ་ཐག་སྤྱི་ལེ་5300ལས་བརྒལ་ཡོད། གྲོང་ཁྱེར་སྤྱི་པའི་འགྲིམ་འགྲུལ་གྱིས་ལོར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་900ལས་བརྒལ་བ་དང་། མཉམ་སྤྱོད་རྐང་འཁོར་ཉིན་རེར་ཆ་སྙོམས་སྤྱོད་ཚད་མི་ཐེངས་ཁྲི་4000ལས་བརྒལ་ནས་ལྗང་མདོག་ཕྱིར་སྐྱོད་བྱེད་ཐབས་ཀྱིས་ཉིན་ལྟར་མི་ཐེངས་དུང་ཕྱུར་3ཙམ་ལ་ཞབས་འདེགས་ཞུ་ཡི་ཡོད་ཅེས་ངོ་སྤྲོད་བྱས།

ལིའུ་ཞའོ་མིང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70སོང་རིང་རང་རྒྱལ་གྱི་གྲོང་ཁྱེར་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་རྣམ་པ་གསར་རྐྱང་དུ་འགྱུར་བ་དང་། སྤྱི་སྤྱོད་རླངས་འཁོར་སྔོན་འགྲོ་འཕེལ་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་ལྗང་མདོག་ཕྱིར་སྐྱོད་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྟབས་བདེ་འོས་འཚམ་དང་ལྗང་མདོག་ཐཱན་ཉུང་གི་འཚོ་བ་སྐྱེལ་སྟངས་ལ་སྐུལ་མ་ཐེབས་ཡོད། དྲ་འབོད་གླ་འཁོར་དང་སྤྱི་སྤྱོད་རྐང་འཁོར་སོགས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་ཚད་ལྡན་དང་འཕེལ་རྒྱས་ཕྱིན་ཏེ། གོ་ཧྲིལ་པོར་ཀྲུང་གོའི་ཉམས་མྱོང་མཁོ་འདོན་བྱས་ཡོད་ཅེས་བཤད།

གསར་འགོད་པས་ཤེས་རྟོགས་བྱུང་བར། འདི་ལོའི་ལྗང་མདོག་ཕྱིར་སྐྱོད་དྲིལ་བསྒྲགས་ཟླ་བ་དང་སྤྱི་སྤྱོད་རླངས་འཁོར་ཕྱིར་སྐྱོད་དྲིལ་བསྒྲགས་གཟའ་འཁོར་ནང་ལྗང་མདོག་ཕྱིར་སྐྱོད་ཀྱི་བརྗོད་དོན་གཙོ་བོའི་སྤྱི་ཕན་དྲིལ་བསྒྲགས་འགྲན་བསྡུར་ཆེ་མོ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བ། གྲོང་ཁྱེར་འགྲིམ་འགྲུལ་འཕེལ་རྒྱས་ལ་ཕྱིར་དྲན། ལྗང་མདོག་ཤེས་དཔལ་བདེ་འཇགས་ཕྱིར་སྐྱོད་སློབ་གསོ། སྤྱི་སྤྱོད་རླངས་འཁོར་ལམ་ཐིག་ཉམས་ལེན་བྱེད་སྒོར་ཞུགས་པ། འཁོན་ཐོགས་མེད་པའི་ཕྱིར་སྐྱོད་ཞབས་ཞུ་ལེགས་བཅོས་ལ་དོ་ཁུར་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།