མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཝུའུ་པང་གོ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་ནས་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:37

000.jpg

  པར་འདི་ནི་ཝུའུ་པང་གོ་ཡིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་སྟེང་གསུངས་བཤད་གནང་བའི་ཚུལ་རེད།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཝུའུ་པང་གོ་ཚེས28ཉིན་གྱི་སྔ་དྲོར་ཨུ་རུ་སིའི་ཧྥུའུ་ལ་ཏེ་བོ་སི་ཐོ་ཁི་ན་ཚོགས་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གྲོས་ཁང་གླེང་སྟེགས་ཀྱི་ལོ་ཚོགས་སྐབས་ཉེར་གཅིག་པར་ཞུགས་པར་མ་ཟད། ཁ་ཡིག་ལ་ཞི་བའི་འཕེལ་རྒྱུན་འཁྱོངས་བྱས་ནས་མཉམ་ལས་མཉམ་རྒྱལ་ལ་སྐུལ་འདེད་གཏོང་དགོས་ཞེས་པའི་གསུངས་བཤད་གནང་།

  ཝུའུ་པང་གོ་ཡིས་གསུངས་རྒྱུར། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་ཞི་བའི་མཉམ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་རྒྱལ་ཁབ་སོ་སོའི་ཐུན་མོང་གི་འགན་འཁྲི་ཡིན་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་མི་དམངས་ཀྱི་རེ་བ་ཡང་ཡིན་པས། གྲོས་ཁང་བར་གྱི་རིམ་པ་སོ་སོ་དང་ཁྱབ་ཁོངས་སོ་སོའི་གྲོས་མོལ་དང་བརྗེ་རེས་ལ་ཤུགས་བསྣན་ནས། ཧུར་ཐག་སྒོས་གྲོས་ཁང་བར་གྱི་འབྲེལ་འདྲིས་དེ་རྒྱལ་ཁབ་བར་གྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་འཛུགས་སྐྲུན་རང་བཞིན་གྱི་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས་ཟེར།

  ཝུའུ་པང་གོ་ཡིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་རྒྱུན་འཁྱོངས་དང་ཕྱི་ཕྱོགས་སྒོ་འབྱེད་རྒྱུན་འཁྱོངས། ཞི་བའི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ་བཅས་ཕྱོགས་གསུམ་ནས་ཀྲུང་གོའི་ཕྱི་ནང་གི་སྲིད་ཇུས་རྒྱས་བཤད་མཛད། ཁོང་གིས་གསུངས་རྒྱུར། འཕེལ་རྒྱས་ནི་སྔར་བཞིན་དུ་ཀྲུང་གོའི་གནད་དོན་ཡོད་ཚད་ཐག་གཅོད་པའི་གནད་འགག་ཡིན་པས། ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་སྒོས་འཛུགས་སྐྲུན་བྱེད་པ་དང་བློ་སེམས་རྩེ་གཅིག་སྒོས་འཕེལ་རྒྱས་ལ་བརྩོན་ལེན་བྱས་ནས། ཉིས་སྟོང་ཉི་ཤུ་ལོའི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་རྒྱུ་འགན་སྲུང་བྱེད་པར་མ་ཟད། ཀྲུང་གོའི་མི་དམངས་ལ་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་དུ་འཇུག་ཡིན། ང་ཚོས་མུ་མཐུད་དུ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་ལས་དོན་ཐད་ལ་བྱས་རྗེས་ཆེན་པོ་འཇོག་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག