མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཐེ་གོའི་རྒྱལ་ཚོགས་ནས་ཁ་ཡིག་ལ་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་ལ་གྲུབ་འབྲས་གསར་བ་ཐོབ་ཏུ་འཇུག་དགོས་ཞེས་བའི་གསུངས་བཤད་གནང་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-12 10:50

125518340_11n.jpg

        སྤྱི་ཟླ10བའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཐེ་གོའི་རྒྱལ་ཚོགས་ནས་ཁ་ཡིག་ལ་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་ལ་གྲུབ་འབྲས་གསར་བ་ཐོབ་ཏུ་འཇུག་དགོས་ཞེས་བའི་གསུངས་བཤད་གནང་།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་སྤྱི་ཟླ10བའི་ཚེས11ཉིན་གྱི་ཕྱི་དྲོར་ཐེ་གོའི་རྒྱལ་ཚོགས་ནས་ཁ་ཡིག་ལ་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་ལ་གྲུབ་འབྲས་གསར་བ་ཐོབ་ཏུ་འཇུག་དགོས་ཞེས་བའི་གསུངས་བཤད་གནང་སྟེ་ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་ལ་གདེང་འཇོག་ཆེན་པོ་གནང་བ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་བར་རྒྱང་ལྟ་བྱས།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐེ་གོའི་མཛའ་མཐུན་འགྲོ་འོང་ཆུ་བོའི་རྒྱུན་བཞིན་རིང་ལ། ཕྱོགས་གཉིས་བར་འབྲེལ་བ་བཙུགས་ནས་ལོ38ཀྱི་རིང་ལ་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་ག་འདྲ་བྱུང་རུང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཐད་ནས་ནམ་ཡང་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བའི་རྣམ་པ་བཟང་བོ་སྲུང་འཛིན་བྱས་པ་དང་། རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འགྲོ་འོང་ཐད་ནས་ཨང་དང་པོ་དང་ཐེངས་དང་པོ། ཆེས་མང་བོ་བཅས་གསར་སྐྲུན་བྱས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ཕན་ཁེ་ངོ་མ་སྐྲུན་ཟེར།

  ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོ་དང་ཐེ་གོའི་འབྲེལ་བ་དེ་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ལས་བརྒལ་བ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་གྱི་འབྲེལ་བར་སྣེ་ཁྲིད་ཀྱི་ནུས་པ་ཆེན་པོ་བཏོན། ཀྲུང་གོ་ཕྱོགས་ཀྱིས་ཐེ་གོ་ཕྱོགས་དང་མཉམ་དུ་ས་གནས་དང་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འབྲེལ་འདྲིས་དང་མཐུན་སྦྱོར་དམ་པོ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་འགྲོ་འོང་སྔར་ལས་ཇེ་དམ་དུ་སོང་བ་དང་བསྟུན་ནས་ཀྲུང་གོ་དང་ཐེ་གོའི་ཁྱིམ་མཚེས་མཛའ་མཐུན་སྔར་ལས་ཇེ་ཟབ་ཏུ་འགྲོ་བ་དང་ཕྱོགས་ཡོངས་ཀྱི་གཉིས་ཕན་མཉམ་ལས་སྔར་ལས་འཕེལ་རྒྱས་སུ་འགྲོ་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག