མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་གོའི་སྲིད་གཞུང་དྲ་བའི་གཞུང་ཕྱོགས་པོད་ཕྲན་དང་ཕྲན་འཕྲིན་བེད་སྤྱོད་གཏོང་འགོ་ཚུགས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-12 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྲུང་དབྱང་མི་དམངས་སྲིད་གཞུང་དྲ་བ་སྟེ་བསྡུས་མིང་ལ་ཀྲུང་གོའི་སྲིད་གཞུང་དྲ་བ་ཞེས་ཟེར་ཞིང་། དེའི་གཞུང་ཕྱོགས་པོད་ཕྲན་དང་པོད་འཕྲིན་གྱིས་སྤྱི་ཟླ10པའི་ཚེས11ཉིན་ཞིན་ཧྭ་པོད་ཕྲན་དང་། ཐང་ཤུན་པོད་ཕྲན། ཕྲན་འཕྲིན་བཅས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། དེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་ཆ་འཕྲིན་ཡོངས་བསྒྲགས་བྱེད་པའི་སྟེགས་བུ་གལ་ཆེན་གཞན་ཞིག་ཡིན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་དོན་ཆ་འཕྲིན་གལ་ཆེན་རྣམས་འཕྲལ་མར་པོད་ཕྲན་དང་ཕྲན་འཕྲིན་སོགས་སྨྱན་སྦྱོར་གྱི་རྣམ་པ་གསར་པ་བརྒྱུད་མང་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ཀྲུང་གོའི་སྲིད་གཞུང་དྲ་བའི་གཞུང་ཕྱོགས་པོད་ཕྲན་དང་ཕྲན་འཕྲིན་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་གྱི་སྲིད་དོན་བྱེད་སྒོའི་ཆ་འཕྲིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གྲོས་ཚོགས་གལ་ཆེན་གྱི་ཆ་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཡོངས་བསྒྲགས་སུ་སྲིད་ཇུས་ཡིག་ཆ་དང་འགྲེལ་བཤད་ཡིག་ཆ་སོགས་སྲིད་དོན་ཆ་འཕྲིན་གཙོ་བོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག