མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ད་ལོའི་སྤྱི་ཟླ1པོ་ནས྄སྤྱི་ཟླ8པའི་བར་རྒྱལ་ཡོངས་སུ་གཞི་ཁྱོན་རང་བཞིན་གྱི་མང་ཚོགས་དོན་རྐྱེན་མངོན་གསལ་སྒོས་ཇེ་ཉུང་དུ་སོང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-12 11:08

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཟླ10བའི་ཚེས11ཉིན་ཀྲེ་ཅང་ཧང་ཀྲའུ་རུ་སྐོང་འཚོགས་བྱས་པའི་བློ་མཐུན་མའོ་ཙེ་ཏུང་གིས་ཧྥང་ཆའོ་ཉམས་མྱོང་ཞེས་པར་མཆན་བཀོད་མཛུབ་སྟོན་གནང་ནས་ལོ་ངོ50འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་ནས་ཤེས་རྟོགས་བྱུང་བར། ད་ལོའི་སྤྱི་ཟླ1པོའི་ཚེས8ཉིན། རྒྱལ་ཡོངས་སུ་ཡིག་སྐུར་ངོ་གཏུག་བྱེད་ཚད་ན་ནིང་གི་དུས་མཚུངས་ལས2.5%ཆག་ཡོད་པ་དང་། ཉེས་དོན་གྱོད་གཞི4.3%ཆག་པ། ཚབས་ཆེའི་དྲག་ཤུགས་ཉེས་བསག་གྱོད་གཞི11.5%ཆག་པ། ལྷག་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཚུན། གཞི་ཁྱོན་རང་བཞིན་གྱི་མང་ཚོགས་དོན་རྐྱེན་མངོན་གསལ་དོད་པོས་ཇེ་ཉུང་དུ་སོང་བ་དང་དེའི་ཁྲོད་སྤྱི་ཟླ8པར51%ཆག་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག