མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུང་ཧྲན་གྱིས་མགོ་འཛིན་མཛད་དེ་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-28 10:57

0.jpg

     སྤྱི་ཟླ10བའི་ཚེས26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུང་ཧྲན་གྱིས་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིག་ཡུང་ཧྲན་གྱིས་སྤྱི་ཟླ10བའི་ཚེས26ཉིན་པེ་ཅིན་ནས་མགོ་འཛིན་མཛད་དེ་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱ་འགུལ་མགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་ལྔ་བ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་པ་དང་། སློབ་གསོ་ལག་ལེན་བྱ་འགུལ་གྱི་གོ་རིམ་རྗེས་མའི་བྱ་བར་ཞིབ་འཇུག་བྱས།

  ལིག་ཡུང་ཧྲན་གྱིས་གསུངས་རྒྱུར། དག་ཐེར་བཅོས་སྐྱོང་དང་དངོས་འབེབ། ལམ་ལུགས་འཛུགས་སྐྲུན་བཅས་ཀྱི་བྱ་བ་བཟང་བོར་སྒྲུབ་དགོས་ན། ངེས་པར་དུ་དག་ཐེར་བཅོས་སྐྱོང་དང་དངོས་འབེབ་བྱེད་པའི་བྱ་བ་བཟང་བོར་བསྒྲུབས་ཏེ། མང་ཚོགས་ལ་གནས་ཚུལ་ཁྱབ་བསྒྲགས་བྱེད་པ་དང་། མང་ཚོགས་ཀྱིས་དེར་དཔྱད་སྡུར་བྱེད་དུ་འཇུག་དགོས། གཅིག་ནས་སློབ་སྦྱོང་དང་སློབ་གསོ་བྱ་བ་བཟང་བོར་བསྒྲུབས་ཏེ། ཏང་ཡོན་ལས་བྱེད་པའི་བསམ་བློའི་ངོས་འཛིན་མཐོར་འདེགས་སུ་གཏོང་དགོས་པ་དང་། གཉིས་ནས་སྤྱོད་ངན་བཞིའི་གནད་དོན་རྩད་གཅོད་བཟང་བོ་བྱེད་དགོས་ལ། ལྷག་པར་དུ་མགོ་ཁྲིད་ལས་བྱེད་པ་སྤྱོད་ངན་བཞིའི་གནད་དོན་རྩད་གཅོད་པའི་བྱ་བའི་ཁྲོད་དངོས་སུ་ཞུགས་དགོས། གསུམ་ནས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནན་མོ་བྱེད་དགོས། བཞི་ནས་དག་ཐེར་བཅོས་སྐྱོང་བྱེད་ཐབས་གཏན་འཁེལ་བྱས་ཏེ། སློབ་སྦྱོང་བྱེད་ཞོར་དུ་དགེ་ཐར་བཅོས་སྐྱོང་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག