མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

མི་སྣ་ཁྲི་ཡི་འཆར་འགོད་ཀྱི་ཐེངས་དང་པོར་བདམས་ཐོན་བྱུང་བའི་མིང་ཐོ་ཉེ་དུས་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-29 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་ཀྲུང་དབྱང་ཤེས་ལྡན་མི་སྣའི་ལས་དོན་མཐུན་སྦྱོར་ཚོ་ཆུང་གི་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་གསལ། རྒྱལ་ཁབ་ཀྱི་བང་རིམ་མཐོ་བའི་ཤེས་ལྡན་མི་སྣའི་དམིགས་བསལ་རྒྱབ་སྐྱོར་འཆར་འགོད་སྟེ། མི་སྣ་ཁྲི་ཡི་འཆར་འགོད་ཀྱི་ཐེངས་དང་པོར་བདམས་ཐོན་བྱུང་བའི་མིང་ཐོ་ཉེ་དུས་དངོས་སུ་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་པ་རེད།

མི་སྣ་ཁྲི་ཡི་འཆར་འགོད་ནི་ཕྱི་རྒྱལ་ནས་བང་རིམ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་རྒྱུའི་མི་སྣ་སྟོང་གི་འཆར་འགོད་དང་མཉམ་སྤྱོད་བྱེད་པའི་རྒྱལ་ཁབ་རིམ་པའི་ཤེས་ལྡན་མི་སྣའི་ལས་གྲྭ་གལ་ཆེན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ནང་གི་བང་རིམ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རྒྱབ་སྐྱོར་བྱེད་རྒྱུ་དེ་ཡིན་པ་རེད། ཐེངས་དང་པོར་བདམས་ཐོན་བྱུང་བའི་མི་སྣ277ཡོད་པ་དང་། དེའི་ནང་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ6དང་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ72། གཞོན་ནུ་རྩེར་སོན་གྱི་ཤེས་ལྡན་མི་སྣ199ཡོད་པ་རེད། དེ་མིན་ཚན་རྩལ་བྱ་གཞག་གསར་གཏོད་ཀྱི་སྣེ་ཁྲིད་པའི་ཤེས་ལྡན་མི་སྣ་དང་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་རིག་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ། མཐོ་རིམ་སློབ་གྲྭའི་གྲགས་ཅན་གྱི་དགེ་རྒན། ལས་གཞི་ཆེ་ཁག་ལ་སྣེ་ཁྲིད་ཐུབ་པའི་ཤེས་ལྡན་མི་སྣ་སོགས་རིགས་ཁག་བཞིའི་ཤེས་ལྡན་ཡི་སྣ་ཡང་ཐོག་མའི་དཔྱད་དཔོག་ལེགས་འགྲུབ་བྱུང་སྟེ། བསྐྱར་དཔྱད་དང་ཡོངས་བསྒྲགས་སོགས་གོ་རིམ་ལེགས་འགྲུབ་བྱུང་རྗེས་སྤྱི་བསྒྲགས་བྱ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། མི་སྣ་ཁྲི་ཡི་འཆར་འགོད་ཀྱི་དཔྱད་ཞིབ་ལས་དོན་ནང་རྒྱལ་ཁབ་ཕྱི་ནང་གི་ལེགས་འགྲུབ་ལྡན་པའི་ཉམས་མྱོང་དཔྱད་གཞིར་གང་ལེགས་བཟུང་ཡོད་པ་དང་། ལེགས་ཁྲོད་ཡག་འདེམས་དང་། ཡག་ཁྲོད་རྩེར་འདེམས་ཀྱི་རྩ་དོན་ལ་གཞིགས་ཏེ། རིམ་པ་བཞིན་འོས་སྦྱོར་བྱས་པ་བརྒྱུད་བདམས་གསེས་ནན་པོ་བྱས་ནས་ཐོན་པ་ཞིག་ཡིན། ཐེངས་དང་པོའི་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ཤེས་ལྡན་མི་སྣ་མང་ཆེ་བ་ནི863འཆར་འགོད་དང973འཆར་འགོད་སོགས་རྒྱལ་ཁབ་ཀྱི་ཚན་ཞིབ་ལས་འགན་གལ་ཆེན་གྱི་གཙོ་སྐྱོང་པ་དང་མཐོ་རིམ་གསར་གཏོད་ཚོགས་པའི་སྣེ་ཁྲིད་པ་ཡིན་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག