མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་ཀྲུང་དབྱང་སྐོར་ཞིབ་ཚོཊ་ཆུང་གི་ལས་རིམ་ལ་གསལ་འགྲེལ་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2013-10-29 11:21

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་སྐོང་འཚོགས་བྱས་ཚུན་དུ་ཀྲུང་དབྱང་ནས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་གལ་ཆེའི་བཀོད་ཇུས་དང་བཀོད་སྒྲིག་རབ་དང་རིམ་པ་གནང་ཡོད་པ་དང་བླང་བྱ་དེ་བས་མཐོ་བ་བཏོན་གནང་ཡོད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་སྤྱི་ཟླ10བའི་ཚེས28ཉིན་ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ལས་རིམ་ལ་གསལ་འགྲེལ་བྱས་ཡོད་པ་རེད།

ངོ་སྤྲོད་བྱུང་བར་གཞིགས་ན། ཀྲུང་དབྱང་སྐོར་ཞིབ་ཚོགས་ཆུང་གི་ལས་དོན་སྤེལ་སྟངས་གཙོ་བོའི་གྲས་སུ་སྐོར་ཞིབ་བྱེད་ཡུལ་ས་ཁུལ་དང་ལས་ཁུངས་ཀྱི་ཏང་ཨུད་དམ་ཏང་ཙུའུ་ཡི་ལས་དོན་སྙན་གསེང་དང་འབྲེལ་ཡོད་སྡེ་ཁག་གི་ཆེད་དོན་སྙན་གསེང་ཉན་རྒྱུ། ལས་ཀའི་དགོས་མཁོ་ལྟར་སྐོར་ཞིབ་བྱེད་ཁུལ་དང་ཚན་པའི་འབྲེལ་ཡོད་གྲོས་ཚོགས་ལ་ཟུར་ཞུགས་བྱེད་པ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པའི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་ལས་འགན་སྒྲུབ་ཚུལ་དང་སྤྱོད་གཙང་ཚོགས་འདུར་ཟུར་ཞུགས་བྱེད་པ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་གནད་དོན་གོང་ཞུ་བྱེད་པའི་ཡི་གེ་དང་ཁ་པར། ཞུ་གཏུག་བྱེད་པ་སོགས་བདག་སྤྲོད་བྱེད་པ། བསམ་འཆར་ཉན་པའི་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱེད་པ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི་དང་ལས་བྱེད་པ་དང་མང་ཚོགས་གཞན་དག་ཁ་ཤས་དང་གླེང་མོལ་བྱེད་པ། འབྲེལ་ཡོད་ཡིག་ཆ་དང་ཡིག་ཚགས། གྲོས་ཚོགས་ཀྱི་ཟིན་ཐོ་སོགས་དཔྱད་ཡིག་ལྟ་བ་དང་བསྐྱར་བཟོ་བྱེད་པ། སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིར་དམངས་གཙོ་ལྡན་པའི་གདེང་འཇོག་བྱེད་པ་དང་དྲི་བ་དྲིས་ལན་རྒྱག་པའི་བརྟག་དཔྱད་བྱེད་པ། བྱ་ཐབས་གང་འཚམ་བཟུང་ནས་སྐོར་ཞིབ་བྱེད་ཡུལ་ས་ཁུལ་དང་ལས་ཁུངས་ཀྱི་གཤམ་འོག་ལས་ཁུངས་སམ་སྡེ་ཁག་ལ་འཚམས་འདྲི་ཞུ་བ་དང་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཆེད་ལས་རང་བཞིན་ཆེ་བའམ་དམིགས་བསལ་གལ་ཆེའི་གནད་དོན་ཤེས་རྟོགས་བྱེད་རྒྱུ་བཅས་ཚུད་ཡོད་པ་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གམ་ཆེད་ལས་ལས་ཁུངས་གདན་ཞུ་བྱས་ནས་རམ་འདེགས་བྱས་ཆོག་གི་ཡོད་པ་རེད།

གཞན་ཡང་སྐོར་ཞིབ་ཚོགས་ཆུང་གིས་སྐོར་ཞིབ་བྱེད་ཡུལ་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ཚན་པ་དང་དེའི་ཁོངས་མིའི་གལ་ཆེའི་གནད་དོན་གོང་ཞུ་བྱེད་སྐབས་ཤེས་རྟོགས་གཏིང་ཟབ་བྱས་ཆོག་པ་ལས་སྐོར་ཞིབ་ཚོགས་ཆུང་ནས་སྐོར་ཞིབ་བྱེད་ཡུལ་ས་ཁུལ་དང་ལས་ཁུངས་ཀྱི་རྒྱུན་ལྡན་ལས་དོན་ལ་ཐེ་ཇུས་བྱས་ཆོག་གི་མེད་པ་དང་གྱོད་གཞི་ཞིབ་བཤེར་ཐག་གཅོད་བྱས་ཆོག་གི་མེད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག