མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

བློ་མཐུན་དབྱང་ཡུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-10-29 11:22

00.jpg

 སྤྱི་ཟླ10བའི་ཚེས28ཉིན། བློ་མཐུན་དབྱང་ཡུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པ།
 

000.jpg

  སྤྱི་ཟླ10བའི་ཚེས28ཉིན། བློ་མཐུན་དབྱང་ཡུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བློ་མཐུན་དབྱང་ཡུང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་རྗེས་དྲན་བྱེད་པའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ལིག་ཡུང་ཧྲན་བཞུགས་མོལ་ཚོགས་འདུར་ཞུགས་པར་མ་ཟད། བཞུགས་མོལ་ཚོགས་འདུའི་སྔོན་ལ་བློ་མཐུན་དབྱང་ཡུང་གི་གཉེན་ཉེར་མཇལ་འཕྲད་གནང་།

  བློ་མཐུན་དབྱང་ཡུང་སྐུ་མ་གཤེགས་གོང་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱུན་ལས་ཨུ་ཡོན་། བཅིངས་འགྲོལ་དམག་གི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་གཞོན་པ་བཅས་ཀྱི་འགན་བཞེས། 1955ལོར་ཧྲང་ཅང་དམག་དཔོན་གི་གོ་གནས་ཐོབ།  

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ཧྥན་ཁྲང་ལུང་གིས་བློ་མཐུན་དབྱང་ཡུང་ཏང་ལ་བློ་དཀར་བ་དང་། དཀའ་སྤྱད་འབད་འཐབ། སྒེར་སེམས་མེད་པར་བྱས་རྗེས་བཞག་པའི་ཚེ་གོང་བོར་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས། ཁོས་བཤད་རྒྱུར། ཏང་གི་གནས་བབ་གསར་བའི་འོག་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་ལ་དམ་པོར་དམིགས་ཏེ། རང་རེའི་ཏང་དང་དམག་དཔུང་གི་གཟི་བརྗིད་སྲོལ་རྒྱུན་དང་ཀུན་སྤྱོད་བཟང་བོ་རྒྱུན་འཛིན་དང་འདོན་སྤེལ་བྱས་ནས།  རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་བྱས་རྗེས་འཇོག་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག