མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་སྐོར་ཞིག་དང་བཞུགས་མོལ་མཛད་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-22 11:03

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས21ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་སྐོར་ཞིག་དང་བཞུགས་མོལ་མཛད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཚེས21ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་སྐོར་ཞིག་དང་བཞུགས་མོལ་མཛད།

བཞུགས་མོལ་མཛད་སྐབས་ལིས་ཁི་ཆང་གིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲུང་གོ་ན་བྱ་བ་སྒྲུབ་པའི་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་ཚང་མ་དང་རྒྱལ་སྤྱིའི་གྲོགས་པོ། དེ་མིན་ཁོ་ཚོའི་ཁྱིམ་མི་བཅས་ལ་བརྩེ་བའི་འཚམས་འདྲི་དང་ལོ་སར་གྱི་རྟེན་འབྲེལ་ཞུས། ཁོང་གིས་གསུངས་རྒྱུར། ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་དང་དེང་རབས་ཅན་འཛུགས་སྐྲུན་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པ་ནི་ཀྲུང་གོ་མི་དམངས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱས་པའི་འབྲས་བུ་ཡིན་པ་དང་ཕྱི་རྒྱལ་གྱི་ཆེད་ལས་མཁས་པས་དེའི་ཐད་ལ་བློ་གྲོས་དང་སྟོབས་ཤུགས་ཕུལ་བས་ཀྲུང་གོ་མི་དམངས་ཀྱིས་ནམ་ཡང་ཁྱེད་ཚོ་བརྗེད་མི་སྲིད་ཟེར།

ལིས་ཁི་ཆང་གིས་གསུངས་རྒྱུར། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་རྒྱུ་དེ་ཐོག་མའི་ལས་འགན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས། ན་ནིང་འཛམ་གླིང་གི་དཔལ་འབྱོར་བསྐྱར་དར་བྱུང་བ་དལ་ཞིང་རྒྱལ་ནང་གི་དཔལ་འབྱོར་ཇེ་སྡུག་ཏུ་འགྲོ་བའི་གནོན་ཤུགས་ལ་དམིགས་ཏེ། ང་ཚོས་འཕར་སྣོན་བརྟན་འཇགས་དང་གྲུབ་ཚུལ་ལེགས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་ལ་གཅིག་གྱུར་སྒོས་འཆར་འགོད་བྱས་པ་དང་། ཆེ་ཕྱོགས་ནས་ཚོད་འཛིན་དང་སྙོམས་སྒྲིག་བྱེད་པའི་རྣམ་པ་གསར་སྐྲུན་བྱས་པས། དཔལ་འབྱོར་བརྟན་འཇགས་ཁྲོད་དུ་བཟང་ཕྱོགས་སུ་འཕེལ་བ་དང་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་མངོན་འགྱུར་བྱས་ཟེར།

ཨ་མེ་རུ་ཁའི་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱི་ཀྲུའུ་ཞི་ཡའོ་ཧན་སང་ཏུང་དང་དབྱིན་ཇིའི་སྡེ་ཚོགས་ཞེ་བརྒྱད་ཀྱི་རོལ་རྩེད་པུའུ་ཡི་ཀྲུའུ་ཞི་གཞོན་པ་མེད་ཆི་ཨན། ཨོ་སི་ཁྲི་རི་ཡའི་ཆེད་ལས་མཁས་པ་ཕུའུ་པུས་ཏི་བཅས་ཀྱིས་ཕྱི་རྒྱལ་གྱི་ཆེད་ལས་མཁས་པ་བདུན་ཅུའི་ཚབ་བྱས་ནས་གཏམ་བཤད་དེ་མཁར་གྲོང་ཅན་དུ་བསྒྱུར་བ་དང་སྤུས་ཚད་ལེགས་པའི་ཞབས་ཕྱིའི་ལས་རིགས། གློག་འདྲེན་ཕྱེད་གཟུགས་ཐོན་ལས་འཕེལ་རྒྱས་སོགས་ཀྱི་ཕྱོགས་ནས་རང་རང་གི་ལྟ་ཚུལ་དང་གྲོས་གཞི་བཏོན།   །  

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག