མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཡུས་ཀྲིན་ཧྲིན་གྱིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་བྱས་ནས་མཉམ་དུ་གནམ་ལོ་གསར་ཚེས་ལ་བསུ་བ་བྱས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-27 11:24

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས26ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་བྱས་ནས་མཉམ་དུ་གནམ་ལོ་གསར་ཚེས་ལ་བསུ་བ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཚེས26ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་འགན་ཁུར་བ་གདན་དྲངས་ཏེ་བཞུགས་མོལ་བྱས་ནས་མཉམ་དུ་གནམ་ལོ་གསར་ཚེས་ལ་བསུ་བ་བྱས། ཁོང་གིས་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་རྒྱ་ཆེའི་ཆོས་དད་མང་ཚོགས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས།

ཡུས་ཀྲིན་ཧྲིན་གྱིས་ཆོས་ལུགས་ཚོགས་པ་སོ་སོའི་འགན་ཁུར་བའི་གཏམ་བཤད་ལ་ཉན་རྗེས་གསུངས་རྒྱུར། འདས་པའི་ལོ་གཅིག་གི་ནང་དུ་ཆོས་ལུགས་ཚོགས་པ་སོ་སོས་རྒྱ་ཆེའི་ཆོས་དད་མང་ཚོགས་ཁྲིད་དེ་ཏང་དང་སྲིད་གཞུང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་ཀྱི་བགྲོད་ལམ་དུ་སྐྱོད་པ་རྒྱུན་འཁྱོངས་བྱས་པ་དང་། སྤྱི་ཚོགས་ལ་ཞབས་ཕྱི་སྒྲུབ་པ་དང་འཆམ་མཐུན་བརྟན་འཇགས་ལ་སྲུང་སྐྱོབ། ཕྱི་ཕྱོགས་འབྲེལ་འདྲིས་གཏིང་ཟབ་ཏུ་སྤེལ་བ་དང་རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་ཐད་བྱ་བ་གང་མང་བསྒྲུབས་ནས་གྲུབ་འབྲས་ཆེན་པོ་བླངས་ཟེར།

ཡུས་ཀྲིན་ཧྲིན་གྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གི་ཆོས་ལུགས་བྱ་བའི་གཞི་རྩའི་བྱེད་ཕྱོགས་ལག་བསྟར་བྱས་ཏེ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་ཆོས་དད་མང་ཚོགས་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་དུ་ནུས་པ་ཆེན་པོ་འདོན་དུ་འཇུག་པ་དང་། ལོ་སར་གྱི་སྐབས་སུ་ཆོས་ལུགས་ཚོགས་པའི་དཀའ་ཁག་ཆེ་བའི་མང་ཚོགས་དང་ཆོས་དད་མང་ཚོགས་ཀྱི་འཚོ་བར་ཡིད་འཇོག་དང་སེམས་ཁུར་ཆེན་པོ་བྱས་ནས་རྒྱ་ཆེའི་ཆོས་དད་མང་ཚོགས་ཀྱིས་འཆམ་མཐུན་དང་སྤྲོ་སྐྱིད་ཀྱི་དུས་ཆེན་ཞིག་རོལ་བར་འགན་སྲུང་བྱེད་དགོས་པའི་ཐུགས་རེ་བཏོན།  །  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག