མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིག་ཡུན་ཧྲན་གྱིས་རིག་གནས་ལས་རིགས་ཀྱི་མིང་དུ་གྲགས་པའི་མི་སྣར་འཚམས་འདྲི་ཞུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:36

ཀྲུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཚེས26ཉིན་གྱི་ཕྱི་དྲོ་དང་ཚེས27ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིག་གནས་ལས་རིགས་ཀྱི་མིང་དུ་གྲགས་པའི་མི་སྣར་འཚམས་འདྲི་ཞུས་པ་དང་རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིག་ཡུན་ཧྲན་གྱིས་ཚེས26ཉིན་གྱི་ཕྱི་དྲོ་དང་ཚེས27ཉིན་གྱི་སྔ་དྲོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རིག་གནས་ལས་རིགས་ཀྱི་མིང་དུ་གྲགས་པའི་མི་སྣར་འཚམས་འདྲི་ཞུས་པ་དང་རྒྱ་ཆེའི་རིག་གནས་བྱ་བ་སྒྲུབ་མཁན་རྣམས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས།

རིག་གནས་ལས་རིགས་ཀྱི་མིང་དུ་གྲགས་པའི་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་དང་ཏང་ཀྲུང་དབྱང་གིས་བརྩེ་བའི་ཐུགས་ཁུར་གནང་བར་བཀའ་དྲིན་ཆེ་ཞུ་བའི་ཚུལ་བསྟན། ལིག་ཡུན་ཧྲན་གྱིས་གསུངས་རྒྱུར། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ན་རིག་གནས་ཀྱི་སྣེ་ཁྲིད་དང་ནུས་པར་བརྟེན་དགོས་པ་དང་། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་བརྒྱུད་རིམ་གསར་བ་མགོ་བརྩམས་པ་དང་རིག་གནས་བཅོས་སྒྱུར་དང་འཕེལ་རྒྱས་ལ་ལོ་རྒྱུས་ཀྱི་གོ་སྐབས་གསར་བ་འདོན་སྤྲོད་བྱས། རིག་གནས་བྱ་བ་སྒྲུབ་མཁན་གྱིས་ཚད་མཐོན་པོའི་རིག་གནས་རང་རྟོགས་དང་རིག་གནས་ཡིད་ཆེས་བཅངས་ཏེ། སྔོན་ཐོན་བསམ་བློ་རིག་གནས་བརྒྱུད་སྤྲོད་བྱེད་པ་དང་། རིན་ཐང་འདུ་ཤེས་གཙོ་བོ་དར་སྤེལ་བྱས་ནས་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་གཅིག་སྡུད་བྱེད་དགོས་ཟེར།   ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག