མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ལིས་ཁི་ཆང་གིས་མེ་འཁོར་སྟེང་དུ་དབུལ་སྐྱོར་གསར་སྤེལ་གྲོས་ཚོགས་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-01-28 10:37

ཟླ་དང་པོའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱི་ཧྲང་ལོ་གྲོང་ཁྱེར་དང་ཨན་ཁང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་མཛད་པར་འགྲོ་བའི་མེ་འཁོར་སྟེང་དུ་ཆེད་དོན་གྲོས་ཚོགས་བསྡུས་ནས། དབུལ་སྐྱོར་ཡར་ཞུ་ལ་ཉན་པ་དང་དབུལ་སྐྱོར་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཧྲན་ཞི་ཞིང་ཆེན་གྱི་ཧྲང་ལོ་གྲོང་ཁྱེར་དང་ཨན་ཁང་གྲོང་ཁྱེར་གྱི་དཀའ་ཁག་ཆེ་བའི་མང་ཚོགས་ལ་འཚམས་འདྲི་མཛད་དུ་འགྲོ་བའི་མེ་འཁོར་སྟེང་དུ་ཆེད་དོན་གྲོས་ཚོགས་བསྡུས་ནས། དབུལ་སྐྱོར་ཡར་ཞུ་ལ་ཉན་པ་དང་དབུལ་སྐྱོར་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པར་ཞིབ་འཇུག་དང་བཀོད་སྒྲིག་བྱས།

ཚོགས་ཐོག་ཏུ་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་སྒྲུབ་ཁང་དང་ཧྲན་ཞི་ཞིང་ཆེན་གྱི་འགན་ཁུར་བས་དབུལ་སྐྱོར་བྱ་བའི་གནས་ཚུལ་དང་ཕྱིན་ཆད་ཀྱི་འཆར་གཞི་ཡར་ཞུ་བྱས་པ་དང་ལིས་ཁི་ཆང་གིས་ཡར་ཞུ་ལ་ཉན་ཞོར་དུ་ཟིན་བྲིས་འབྲི་བ་དང་དབུལ་སྐྱོར་བྱ་བའི་ཕྱོགས་སུ་དཀའ་ཁག་གང་དག་ཡོད་པ་ཞིབ་འདྲི་བྱས་ཤིང་། འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བས་སྔ་གཞུག་ཏུ་གཏམ་བཤད་ནས་རང་རང་གི་ལྟ་ཚུལ་དང་གྲོས་གཞི་བཏོན།

ལིས་ཁི་ཆང་གིས་གསུངས་རྒྱུར། མིག་སྔར་དབུལ་ཐར་མ་བྱས་པའི་ས་ཁུལ་མང་ཤོས་ཀྱི་རང་བྱུང་ཁོར་ཡུག་ཞན་པ་དང་འཚོ་གནས་ཀྱི་ཆ་རྐྱེན་མི་བཟང་བའི་དབང་གིས་དབུལ་སྐྱོར་བྱ་བ་དེ་མཁྲེགས་གཏོར་གྱི་དུས་སྐབས་གསར་བར་སླེབ་ཡོད་པས། དབུལ་སྐྱོར་གྱི་ཐབས་ཇུས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་འཐབ་རྩལ་སྙོམས་སྒྲིག་བྱེད་དགོས་ལ། འདུ་ཤེས་གསར་སྐྲུན་བྱེད་པ་དང་འཚོལ་ཞིབ་རྒྱུན་འཁྱོངས་བྱས་ནས། འཕེལ་རྒྱས་དང་དབུལ་སྐྱོར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དེ་དབུལ་སྐྱོར་བྱ་བ་ཁྱིམ་ཚང་དུ་དངོས་འབེབས་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཕན་ཚུན་ལ་སྐུལ་འདེད་གཏོང་དགོས། ཆོད་སེམས་སྔར་ལས་ཆེན་པོ་བཅངས་ནས་མུ་མཐུད་དུ་དབུལ་སྐྱོར་བྱ་བ་བཟང་བོར་བསྒྲུབ་ནས་གྲུབ་འབྲས་སྔར་ལས་ཆེན་པོ་ལེན་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག