མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཚོང་དོན་པུས་མི་དམངས་ཤོག་སྒོར་གྱི་དངུལ་བརྗེའི་མཛའ་ཐང་འཕར་ཆག་དེས་ཁྲོམ་རའི་ནུས་པ་མངོན་ཡོད་ཅེས་བསྟན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ད་ལོའི་གོང་གི་ཟླ་བ་གཉིས་ནང་། རང་རྒྱལ་གྱི་ཉོ་ཚོང་གཏོང་མང་ཡོང་ཉུང་རེ་བག་ན་ནིང་གི་དུས་མཚུངས་དང་བསྡུར་ན་ཆག་ཡོད་པ་དང་། དེ་དང་དུས་མཚུངས་མི་དམངས་ཤོག་སྒོར་དང་ཨ་སྒོར་བརྗེ་བའི་དངུལ་བརྗེའི་མཛའ་ཐང་གི་རིན་གོང་ཡང་མྱུར་པོ་ཆག་ཡོད་པ་རེད། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཏན་ཡང་གིས་སྤྱི་ཚེས་༡༨ཉིན། ཉེ་ཆར་མི་དམངས་ཤོག་སྒོར་གྱི་དངུལ་བརྗེའི་མཛའ་ཐང་འཕར་ཆག་ཆེན་པོ་བྱུང་ཡོད་པ་དང་། ཁྲོམ་རའི་ནུས་པ་ཐོན་པའི་མཇུག་འབྲས་དེ་བས་མང་བ་མངོན་ཡོད་པས། འབྲེལ་བཤད་མང་པོ་བྱེད་རྒྱུ་མེད། ཉེ་འཁོར་དང་གསར་དར་ཁྲོམ་རའི་རྒྱལ་ཁབ་ཁག་གཅིག་དང་བསྡུར་ཚེ། མི་དམངས་ཤོག་སྒོར་གྱི་དངུལ་བརྗེའི་མཛའ་ཐང་འཕར་ཆག་དེ་སྔར་བཞིན་རྒྱུན་ལྡན་གྱི་ཁྱབ་ཁོངས་ནང་གནས་ཡོད་ཅེས་བསྟན་ཡོད་པ་དང་།

    ཧྲེན་ཏན་ཡང་གིས་དོན་དངོས་ཀྱི་ཕན་ཡོད་དངུལ་བརྗེའི་མཛའ་ཐང་དེས་ཕྱི་ཕྱོགས་ཉོ་ཚོང་གི་ཁེ་ལས་ལ་འཕྲད་པའི་དངུལ་བརྗེའི་མཛའ་ཐང་གི་འགྱུར་བའི་གནས་ཚུལ་ཁྱོན་ཡོངས་ནས་མངོན་ཐུབ་པའི་ངོས་འཛིན་གནང་གི་ཡོད། ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན། ད་ལོའི་སྤྱི་ཟླ་༡པོར་རྒྱལ་སྤྱིའི་མཇུག་སྡོམ་དངུལ་ཁང་གིས་བཟོས་པའི་མི་དམངས་ཤོག་སྒོར་གྱི་དོན་དངོས་ཕན་ཡོད་དངུལ་བརྗེའི་མཛའ་ཐང་གི་སྟོན་གྲངས་སྔར་བཞིན་མུ་མཐུད་ནས་འཕར་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག