མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་རྒྱུན་ལྡན་སྐོར་ཞིབ་ལོ་རེར་རེ་སྐོར་གསུམ་བར་མང་དུ་གཏོང་རྒྱུ་ཡིན་པ།

རྩོམ་པ་པོ། དབང་འདུས།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་པུའི་དྲ་ཚིགས་ཐོག་གི་ཆ་འཕྲིན་ལ་གཞིགས་ན། ཉིན་ཤས་གོང་སྐོང་འཚོགས་བྱས་པའི་སྤྱི་ལོ་༢༠༡༤ལོའི་ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་ཐོག ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཀྲུང་དབྱང་སྐོར་ཞིབ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཀྲང་ཅུན་གྱིས། ད་ལོ་ནས་བཟུང་། ཀྲུང་དབྱང་གི་རྒྱུན་ལྡན་སྐོར་ཞིབ་ལོ་རེར་རེ་སྐོར་གཉིས་ནས་རེ་སྐོར་གསུམ་བར་མང་དུ་གཏོང་རྒྱུ་ཡིན་ཞེས་བསྟན་ཡོད་པ་དང་།

    ཀྲང་ཅུན་གྱིས་ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད། སྤྱི་ལོ་༢༠༡༤ལོའི་སྐོར་ཞིབ་ལས་དོན་གྱི་ལས་འགན་དེ་བས་དཀའ་ཚེགས་ཆེ་བ་དང་ལྗི་བ་ཡོད་པས། ཀྲུང་དབྱང་སྐོར་ཞིབ་ལས་དོན་གྱི་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ་དང་། སྐོར་ཞིབ་དང་ལྟ་སྐུལ་ཡག་པོ་བྱས་ནས། རུང་སུངས་ལ་ངོ་རྒོལ་བྱེད་པའི་མཐོ་གནོན་གནས་བབ་རྒྱུན་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག