མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

དབུས་ཤར་རྒྱུད་ས་ཁུལ་དུ་རླུང་ཆེན་པོ་ལྡང་ནས་དྲོད་ཚད་ཆག་རྒྱུ་ཡིན་པ།

རྩོམ་པ་པོ། ཡེ་ཤེས་དབྱངས་ཅན།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་སྤྱི་ཚེས་༡༨ཉིན་ཀྲུང་དབྱང་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། གྲང་ངར་ཅུང་ཆེ་བའི་མཁའ་རླུང་གི་ཤུགས་རྐྱེན་ཐེབས་ནས་མ་འོངས་པའི་ཉིན་གསུམ་ནང་རང་རྒྱལ་གྱི་དབུས་ཤར་ས་ཁུལ་དུ་གཞི་ཁྱོན་ཅུང་ཆེ་བའི་ཆར་ཆུ་འབབ་པ་དང་རླུང་བུ་ཆེན་པོ་ལྡང་བའི་དྲོད་ཚད་ཆག་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ་རེད།

    སྤྱི་ཚེས་༡༨ཉིན་རང་རྒྱལ་གྱི་ཧྭ་བྱང་དང་ཧོང་ཧུའེ། ཅང་ཧན་སོགས་ས་ཆའི་གནམ་གཤིས་དྲོད་ཚད་མངོན་གསལ་དོད་པོས་ཆག་ཡོད་པ་རེད། གནམ་གཤིས་ལྟ་ཞིབ་ཚད་ལེན་ལས་གསལ་བར། སྤྱི་ཚེས་༡༨ཉིན་གྱི་ཆུ་ཚོད་༡༤འི་སྐབས། ཧྭ་བྱང་གི་ལྷོ་ནུབ་རྒྱུད་དང་། ཧོང་ཧུའེ་ཤར་རྒྱུད་ས་ཆར་དེའི་གོང་གི་ཉིན་མོའི་དུས་མཚུངས་ལས་དྲོད་ཚད་ཨང་གྲངས་ཏུའུ་༡༠ཙམ་ཆག་ཡོད་པ་དང་། དེའི་ནང་ཧྲན་ཏུང་ཞིང་ཆེན་དབྱན་ཐད་གྲོང་ཁྱེར་གྱི་དྲོད་ཚད་ཏུའུ་༡༦དང་གྲངས་ཆུང་༥ཆག་ཡོད་པ་རེད།

    ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པར། མ་འོངས་པའི་ཉིན་གསུམ་ནང་། དབུས་ཤར་རྒྱུད་ས་ཁུལ་མང་ཆེ་བའི་དྲོད་ཚད་ཨང་གྲངས་ཏུའུ་༤ནས་༨བར་ཆག་རྒྱུ་ཡིན་པ་དང་། འབྲི་ཆུའི་དཀྱིལ་སྨད་རྒྱུག་ཁུལ་དང་དེའི་བྱང་རྒྱུད་ས་ཁུལ་དུ་ད་དུང་སྔ་རྗེས་སུ་བྱང་རླུང་རིམ་པ་༤ནས་༦བར་ལྡང་རྒྱུ་ཡིན་པ་རེད། ནང་སོག་གི་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན་སོགས་ས་ཆར་གངས་ཆུང་བ་ནས་འབྲིང་བའམ་གངས་མ་ཆར་གྱི་གནམ་གཤིས་བསྟན་རྒྱུ་དང་། ཀན་སུའུ་ཧེ་ཤི་དང་ནང་སོག་གི་དབུས་ནུབ་རྒྱུད། ཉིང་ཤ་བྱང་རྒྱུད་སོགས་ས་ཆར་བྱེ་རླུང་འཚུབ་པའི་གནམ་གཤིས་བསྟན་རྒྱུ་ཡིན་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག