མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཀྲུང་དབྱང་གི་སློབ་གསོ་ལག་ལེན་བྱེད་སྒོའི་གཞུང་ལས་ཁང་གིས་བརྡ་ཐོ་བཏང་ནས་ཁག་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ཁྲོད་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཆེད་དོན་གསོ་སྦྱོང་བྱེད་དགོས་ཞེས་བསྟན་པ།

རྩོམ་པ་པོ། མིག་དམར་རྒྱ་མཚོ།  ཡོང་ཁུངས། ཀྲུང་གོའི་མི་རིགས་རླུང་འཕྲིན།  2014-03-19 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ནང་ཞུགས་པ་དང་སྒྲིག་འཛུགས་བྱེད་པའི་རང་རྟོགས་རང་བཞིན་དང་ནུས་པ་སྔར་བས་མཐོ་རུ་གཏོང་ཆེད་ཉེ་དུས་ཀྲུང་དབྱང་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཁག་གཉིས་པའི་སློབ་གསོ་ལག་ལེན་བྱེད་སྒོའི་ནང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིར་ཆེད་དོན་གསོ་སྦྱོང་གི་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས་ནས། ས་ཁུལ་ཁག་དང་ཚན་པ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོའི་ཆེད་དོན་གསོ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    བརྡ་ཐོའི་ནང་། ཁག་གཉིས་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོ་ལག་ལེན་བྱེད་སྒོར་གཞི་རིམ་ཏང་རྩ་འཛུགས་ས་ཡ་གསུམ་དང་སུམ་འབུམ་ལྷག་ཙམ་དང་། ཏང་ཡོན་བྱེ་བ་དྲུག་དང་ས་ཡ་དགུ་ལྷག་ཙམ་གྱིས་དེའི་ནང་ཞུགས་ཡོད་ཅེས་བསྟན་པ་དང་། བརྡ་ཐོའི་ནང་ཆེད་དོན་གསོ་སྦྱོང་བྱ་ཡུལ་ནི་ཤང་དང་གྲོང་རྡལ་དང་། སྲང་ལམ། གྲོང་ཚོ། སྡེ་ཁུལ། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ལ་དབང་བ་མ་ཡིན་པའི་དཔལ་འབྱོར་སྒྲིག་འཛུགས། སྤྱི་ཚོགས་སྒྲིག་འཛུགས་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་ཡིན་པ་དང་། གྲོང་ཚོ་དང་སྡེ་ཁུལ་སོགས་གཞི་རིམ་ཏང་རྩ་འཛུགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་འགོ་མ་བཙུགས་གོང་དུས་བཀག་དང་ཁག་དབྱེ་དགོས་པ་གསལ་པོ་བཏོན་ཡོད།

    བརྡ་ཐོའི་ནང་ཆེད་དོན་གསོ་སྦྱོང་བྱེད་སྐབས་གཙོ་གནད་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་སྒྲིག་འཛུགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱ་རྒྱུ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ། ཀྲུང་དབྱང་གི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྒྱུའི་གལ་ཆེའི་ཡིག་ཆ་དང་དེ་བཞིན་རང་ས་ཁུལ་དང་རང་ཚན་པའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་བྱེད་པ་བཅས་བྱས་ནས། གཞི་རིན་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སློབ་གསོ་ལག་ལེན་བྱེད་སྒོའི་གལ་ཆེའི་དོན་སྙིང་དང་། སྤྱིའི་བླང་བྱ། ལས་འགན་གཙོ་བོ། བྱ་ཐབས་གོ་རིམ་བཅས་ཤེས་སུ་འཇུག་རྒྱུ་དང་། རྩ་འཛུགས་ཀྱིས་སྤེལ་བའི་སློབ་གསོ་ལག་ལེན་བྱེད་སྒོའི་འགན་འཁྲི་ཡག་པོ་ཁུར་ཐུབ་པ་བྱ་རྒྱུ་དེ་རེད། གྲངས་ཉུང་མི་རིགས་ས་ཁུལ་དུ་སྒྱུར་བཅོས་དང་གོང་འཕེལ། བརྟན་ལྷིང་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་མི་རིགས་སྲིད་ཇུས་དང་། ཆོས་ལུགས་སྲིད་ཇུས་སོགས་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་ནང་དོན་ཁོངས་སུ་འཇོག་དགོས་ཞེས་བསྟན་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག