མདུན་ཤོག- གསར་འགྱུར།- རྒྱལ་ནང་ཐོས་གནད།

ཅི་ལིན་དུ་ལོ་༣༣བསྟུད་མར་ཚབས་ཆེའི་ནགས་ཚལ་མེ་སྐྱོན་ཐོན་མེད་པ།

  ཡོང་ཁུངས། དབང་འདུས།  2014-03-19 10:14

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པར་ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བར། སྤྱི་ལོ་༢༠༡༣ལོའི་སྟོན་དུས་ནགས་ཚལ་མེ་སྐྱོན་སྔོན་འགོག་དུས་ཚོད་མཇུག་སྒྲིལ་བའི་བར། ཞིང་ཆེན་དེར་བསྟུད་མར་ལོ་༣༣ཚབས་ཆེའི་ནགས་ཚལ་མེ་སྐྱོན་ཐོན་མེད་པ་དང་། ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་ནང་། ཅི་ལིན་ཞིང་ཆེན་གྱིས་ནགས་ཚལ་མེ་སྐྱོན་སྔོན་འགོག་དེ་རིམ་ཁག་སྲིད་གཞུང་དང་། ཚན་པ། ལས་ཁུངས་བཅས་ཀྱི་སྲིད་འཛིན་འགོ་ཁྲིད་གཙོ་བོས་འགན་འཁུར་བའི་ལམ་ལུགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཡོད་པ་དང་། རིམ་པ་བཞིན་མེ་སྐྱོན་སྔོན་འགོག་འགན་འཁྲིའི་ཡི་གེར་མིང་རྟགས་བཀོད་ཡོད་ལ། ནགས་ཚལ་མེ་སྐྱོན་སྔོན་འགོག་གི་འགོ་ཁྲིད་འགན་འཁྲིར་འཕེན་ཤོག་གཅིག་གིས་ཆོད་སློག་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ཡོད་པ་རེད།

    སྤྱི་ལོ་༢༠༡༣ལོར། ཞིང་ཆེན་ཡོངས་སུ་རྫོང་རིམ་པ་ཡན་གྱི་ཞིབ་བཤེར་ཚོགས་ཆུང་༡༢༨༩བཙུགས་ཡོད་པ་དང་། ཞིབ་བཤེར་བ་མིའི་ཐེངས་གྲངས་༤༧༣༩བཏང་ཡོད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱབ་ཡོད་པས། ནགས་ཚལ་གྱི་མེ་སྐྱོན་སྔོན་འགོག་ལས་དོན་ལ་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག